ཞི་ཅིན་ཕེན་གྱིས་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དགུ་བའི་འཐུས་མི་ཡོངས་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་ཁྲང་ཅང་ཐའོ་ཧྥིན་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་མཇལ་འཕྲད་གནང་།

bb9abb619c3dc27cb393a71f035cc4bb.jpg

ཟླ11པའི་ཚེས7ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིག་ཡུན་ཧྲན་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་བྱ་བ་སྒྲུབ་མཁན་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དགུ་བའི་འཐུས་མི་ཡོངས་དང་། ཀྲུང་གོ་གསར་འགྱུར་བྱ་དགའ་དང་ཁྲང་ཅང་ཐའོ་ཧྥིན་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་མཇལ་འཕྲད་གནང་། 

c7b12a7250e7f65ede16694998afcca0.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྐབས་ཉེར་དྲུག་པའི་ཀྲུང་གོ་གསར་འགྱུར་བྱ་དགའ་དང་། སྐབས་བཅུ་བཞི་པའི་ཁྲང་ཅང་ཐའོ་ཧྥིན་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་བྱ་དགའ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་བཅུ་བདུན་པ་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་བྱ་བ་སྒྲུབ་མཁན་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དགུ་བའི་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་གོ་གསར་འགྱུར་བྱ་དགའ་དང་། ཁྲང་ཅང་ཐའོ་ཧྥིན་བྱ་དགའ་གནང་བའི་ཚོགས་འདུ་ཚེས་བདུན་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཡོངས་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་པོར་སྒྲུབ་ནས། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ་ནི། རྒྱལ་སྐྱོང་སྲིད་འཛིན་དང་རྒྱལ་ཁམས་བདེ་འགོད་ཀྱི་དོན་ཡིན། ཏང་ཀྲུང་དབྱང་གིས་གསར་འགྱུར་གླེང་ཕྱོགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་པོར་སྒྲུབ་པར་རེ་བ་གསལ་པོ་བཏོན་ཡོད་པས། ཚང་མས་དེ་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། ཀྲུང་དབྱང་གི་སྨྱན་བྱེད་གཙོ་བོ་དང་རིམ་པ་སོ་སོའི་སྨྱན་བྱེད་ཇེ་བཟང་ནས་ཇེ་བཟང་དུ་བཏང་སྟེ། ཏང་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ་དང་། ཏང་དང་མི་དམངས་ཀྱིས་བློ་གཏད་ཆོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་མཇལ་འཕྲད་ལ་ཞུགས།

སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་། ཞི་ཅིན་ཕེན་སོགས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཕེབས་ཏེ། འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བ་མ་ཟད། དྲན་རྟེན་གྱི་མཉམ་པར་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། ལས་འཛིན་ཚོགས་འདུ་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། འཐུས་མི་རྣམ་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་མ་ཟད། ཚོགས་འདུ་དེ་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་འདུ་དང་སྔར་འཛིན་ཕྱི་གཏོད་ཀྱི་ཚོགས་འདུ་ཞིག་ཏུ་བསྡུས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་གོ་རྟོགས་མཐོར་འདེགས། བྱ་བར་སྐུལ་སྤེལ་བཅས་བྱེད་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕེན་གྱིས་བསྟན་དོན། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་ནི་ཏང་གི་བྱ་བའི་གྲུབ་ཆ་གལ་ཆེན་ཡིན། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་ཏང་དང་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། དུས་རབས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། ཏང་གི་འདོད་བློ་དྲིལ་སྒྲོག་གང་ལེགས་དང་། མང་ཚོགས་ཀྱི་འབོད་སྒྲ་མངོན་མཚོན་ཟབ་མོ། ཇུས་ཆོད་རྟོག་དཔྱོད་རང་འགུལ་སྒོས་སྤེལ་བ་བཅས་བྱས་ཏེ། ཧ་ཅང་གལ་ཆེ་བའི་ནུས་པ་བཏོན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་འབུར་དུ་ཐོན་པའི་སྒོ་ནས་དྲིལ་སྒྲོག་བྱས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་འཕེལ་རིམ་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་མཚོན་བྱས་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རང་གཤིས་དྲིལ་སྒྲོག་ཟབ་མོ་བྱས་ཏེ། དབྱངས་རྟ་གཙོ་བོ་གླུ་རུ་གྱེར་པ་དང་དྲང་ཕྱོགས་ནུས་ཚད་སྒྲོག་སྤེལ་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཡིད་ཆེས་དང་སྟོབས་ཤུགས་ཆེས་ཆེར་བསྐྱེད། རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་འགན་ནུས་ཡིད་ལ་དམ་པོར་འཛིན་པ་དང་འབད་བརྩོན་ལྷོད་མེད་ཀྱིས་བློ་གྲོས་དང་རྔུལ་ཆུ། ཐ་ན་ཚེ་སྲོག་ལ་བརྟེན་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བར་བྱས་རྗེས་གལ་ཆེན་བཞག་ཡོད། ལག་ལེན་ལས་ང་ཚོའི་གསར་འགྱུར་བྱ་བའི་དཔུང་སྡེ་ནི་བློ་གཏད་ཆོག་པ་དང་བྱང་ཚད་མཐོ་བ། འཐབ་འཛིང་དྲག་པོ་ལས་རྒྱལ་ཐུབ་པའི་དཔུང་སྡེ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། བློ་མཐུན་ཚོས་དཀའ་ལས་ཁག་པོ་མྱངས་པ་དང་གྲུབ་འབྲས་ཆེན་པོ་བླངས་ཡོད་པས། ཏང་དང་མི་དམངས་ཀྱིས་ཁྱོད་ཚོར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་ཐུགས་རེ་བཞི་བཏོན། གཅིག ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་རྒྱུན་འཁྱོངས། ཏང་དང་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཞིག་བྱེད་དགོས། གཉིས། གླེང་ཕྱོགས་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་ཟབ་མོ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་དྲིལ་སྒྲོག་ཟབ་མོ་བྱས་ཏེ། དབྱངས་རྩ་གཙོ་བོ་དར་སྤེལ་དང་དྲང་ཕྱོགས་ནུས་ཚད་བཏོན་ནས། དུས་རབས་ཀྱི་སྣེ་ཁྲིད་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་བྱེད་དགོས། གསུམ། གསར་འགྱུར་གྱི་ཕུགས་འདུན་ཡང་དག་རྒྱུན་འཁྱོངས་བྱས་ཏེ། ལས་སྒོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ལེགས་བཅོས་དང་གསར་གཏོད་བྱེད་ཕོད་པ། རྒྱུན་ཆད་མེད་པར་རང་ཉིད་མཐོར་འདེགས་དང་རང་ཉིད་འཐུས་ཚང་དུ་བཏང་ནས། ལས་སྒོའི་ནུས་པ་ཕུལ་དུ་བྱུང་བའི་གསར་འགྱུར་བྱ་བ་སྒྲུབ་མཁན་བྱེད་དགོས། བཞི། བྱ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་པ་དང་མི་དམངས་སེམས་སུ་བཅངས་པ། མི་དམངས་ལ་བསྟོད་གླུ་ལེན་པ། ལས་རིགས་སྙིང་སྟོབས་དར་སྤེལ་བྱེད་པ། ལས་རིགས་ཀུན་སྤྱོད་བརྩི་སྲུང་བྱེད་པ། བྱ་བར་ཧུར་བརྩོན་བྱེད་པ་དང་ཕངས་མེད་དུ་བྱས་རྗེས་བཞག་ནས། ཀུན་སྤྱོད་བཟང་བའི་གསར་འགྱུར་བྱ་བ་སྒྲུབ་མཁན་བྱེད་དགོས། མདོར་ན་ཏང་དང་མི་དམངས་ཀྱིས་བློ་གཏད་ཆོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་བྱེད་དགོས་ཟེར།

ལིག་ཡུན་ཧྲན་ཚོགས་འདུར་ཞུགས་པ་མ་ཟད་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཤིས་ཚིག་ཕུལ། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ལ་བརྩེ་བའི་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་ལ་ཞབས་འདེགས་ཞུ་བའི་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་མཛད་པ་དང་། གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་པོར་སྒྲུབ་པར་བླང་བྱ་གསལ་པོ་བཏོན་པ་མ་ཟད་ཐུགས་རེ་ནན་མོ་བཏོན་པ་དེས་ཏང་ཀྲུང་དབྱང་གིས་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ལ་ཚད་མཐོའི་མཐོང་ཆེན་དང་བརྩེ་བའི་ཐུགས་ཁུར་གནང་བཞིན་པ་མངོན་པར་མཚོན་པས། ང་ཚོས་དེར་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དངོས་འབེབས་བཟང་པོ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་བསྟན་དོན། གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་པ་དང་། རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། གསར་འགྱུར་གླེང་ཕྱོགས་བྱ་བའི་ཕྲག་ཏུ་བབས་པའི་འགན་ནུས་དང་འགན་འཁྲི་དངོས་སུ་ལག་བསྟར་བྱེད་པ་བཅས་བྱས་ཏེ། རླངས་ཆེན་གྱི་ལས་དོན་སྤེལ་བ་དང་། རླབས་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་འཐབ་རྩོད་རྒྱལ་ཁ་ལེན་པ་བཅས་ཀྱི་ཐད་ལ་སྟོབས་དང་ལྡན་པའི་བསམ་བློའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།