ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ལཱ་ཐོ་ཝེ་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཚེས་བཞི་ཉིན་གྱི་ཕྱི་དྲོར་ལེ་ཅའི་ཙུང་ཐུང་བཞུགས་ཤག་ནས་ལཱ་ཐོ་ཝེ་ཡའི་ཙུང་ཐུང་ཝེ་ཡེའོ་ཉི་སི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཝེ་ཡེའོ་ཉི་སི་ལ་བརྩེ་བའི་འཚམས་འདྲི་མཛད་པ་བརྒྱུད་སྒྲོག་གནང་། ལིས་ཁི་ཆང་གིས་བསྟན་དོན། ལཱ་ཐོ་ཝེ་ཡ་ནི་ཀྲུང་གོའི་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་གྲོགས་པོ་བཟང་པོ་ཡིན། ཀྲུང་གོས་ལཱ་ཐོ་ཝེ་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྩ་དོན་འོག་ཏུ། ཀྲུང་གོ་དང་ལཱ་ཐོ་ཝེ་ཡའི་མཛའ་མཐུན་མཉམ་ལས་རྒྱུན་སྲིང་དང་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་ལཱ་ཐོ་ཝེ་ཡའི་བར་གྱི་མཉམ་འབྲེལ་མཉམ་གཏོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། འབྱོར་ཚོང་། གནས་སྐོར། སློབ་གསོ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཝེ་ཡེའོ་ཉི་སི་ཡིས་བསྟན་དོན། ཀྲུང་གོ་ནི་ལཱ་ཐོ་ཝེ་ཡའི་ཕྱི་ཕྱོགས་མཉམ་ལས་ཀྱི་ཁ་ཕྱོགས་གལ་ཆེན་ཡིན་ལ། ལཱ་ཐོ་ཝེ་ཡ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་མ་ཟད་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད། ང་ཚོས་ཀྲུང་གོའི་ཁེ་ལས་ལཱ་ཐོ་ཝེ་ཡར་སོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།