ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བས་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ནང་གི་དོན་ཚན་བརྒྱ་དང་བཞི་པའི་འགྲེལ་བཤད་འཆར་ཟིན་ལ་གྲོས་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བས་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ནང་གི་དོན་ཚན་བརྒྱ་དང་བཞི་པའི་འགྲེལ་བཤད་འཆར་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལ་ཞུགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་བཅས་ཀྱིས་ཞང་ཀང་གཞི་རྩའི་བཅའ་ཁྲིམས་ནང་གི་དོན་ཚན་བརྒྱ་དང་བཞི་པར་འགྲེལ་བཤད་བྱེད་པ་དུས་བབ་དང་འཚམ་ཞིང་ཧ་ཅང་དགོས་གཏུགས་ཆེ་བ་ཞིག་ཡིན་པར་སྙམ་ཟེར།

གྲོས་ཚོགས་ལ་ཞུགས་པའི་མི་སྣས་མཐའ་གཅིག་ཏུ་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲུབ་པའི་བཅའ་ཁྲིམས་འགྲེལ་བཤད་དང་གཞི་རྩའི་བཅའ་ཁྲིམས་གཉིས་ལ་འདྲ་མཉམ་གྱི་ཕན་ནུས་ལྡན་ཞིང་འགྲེལ་བཤད་འཆར་ཟིན་ལས་རྒྱས་བཤད་བྱས་པའི་འགན་བཞེས་དམ་བཅའ་གཏན་འཁེལ་བྱས་པའི་ཁྲིམས་འཛུགས་ནང་དོན་དང་བཅའ་ཁྲིམས་རྩ་དོན་དེ་ཞང་ཀང་སྤྱི་ཚོགས་ཀྱི་མག་མོག་ངོས་འཛིན་གསལ་བོར་བྱེད་པར་ཕན་པ་ཡོད་པ་དང་། གཞི་རྩའི་བཅའ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་དང་ཞང་ཀང་གི་ཁྱོན་ཡོངས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་དགོས་མཁོ་ཡོད་པས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་ལས་ཁུངས་དང་ཁྲིམས་འཛུགས་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་ཅིས་ཀྱང་བརྩི་སྲུང་བྱེད་དགོས་ཟེར།  །  


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།