ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ལཱ་ཐོ་ཝེ་ཡའི་གྲོས་དཔོན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9ce259029b3525415a6693456a7071cc.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླུ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར་ལེ་ཅའི་གྲོས་ཁང་ཐོག་ཁང་ནས་ལཱ་ཐོ་ཝེ་ཡའི་གྲོས་དཔོན་མུའུ་ཨར་ཉེ་ཚའེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླུ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར་ལེ་ཅའི་གྲོས་ཁང་ཐོག་ཁང་ནས་ལཱ་ཐོ་ཝེ་ཡའི་གྲོས་དཔོན་མུའུ་ཨར་ཉེ་ཚའེ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲུང་གོ་དང་ལཱ་ཐོ་ཝེ་ཡ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། གྲོས་ཁང་བར་གྱི་བརྗེ་རེས་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་ནས། གྲོས་ཁང་དང་སྲིད་ཏང་གི་འགྲོ་འོང་སྔར་ལས་བཟང་བོར་སྤེལ་བ་དང་། རིག་གནས་དང་ལུས་རྩལ་སོགས་རྣམ་པ་ཕུན་སུམ་ཚོགས་པའི་མི་གཞུང་བརྗེ་རེས་སྤེལ་ནས། ཀྲུང་གོ་དང་ལཱ་ཐོ་ཝེ་ཡ་བར་གྱི་མཛའ་བརྩེ་མཉམ་ལས་ཐད་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་དགོས་ཟེར།

མུའུ་ཨར་ཉེ་ཚའེ་ཡིས་ལཱ་ཐོ་ཝེ་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་བར་དུ་མཛའ་བརྩེའི་བརྗེ་རེས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། ལཱ་ཐོ་ཝེ་ཡ་གྲོས་ཁང་གིས་ཀྲུང་གོའི་བར་གྱི་འགྲོ་འོང་རྒྱ་བསྐྱེད་དེ། ལཱ་ཐོ་ཝེ་ཡ་དང་ཀྲུང་གོའི་བར་གྱི་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་ཐད་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་བར་གྱི་མཛའ་བརྩེ་གྲོགས་པོའི་འབྲེལ་བ་གཏིང་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།  །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།