ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བས་ཚེས་ལྔ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཚོགས་ལ་ཞུགས་པ་དང་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་རོང་ཧྲོན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ནང་གི་དོན་ཚན་བརྒྱ་དང་བཞི་པའི་འགྲེལ་བཤད་འཆར་ཟིན་གསལ་བཤད་བྱས་པ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ནང་གི་དོན་ཚན་བརྒྱ་དང་བཞི་པའི་འགྲེལ་བཤད་འཆར་ཟིན་གྱི་ཁྲིམས་འཛུགས་དོན་སྙིང་དང་དེའི་ནང་དུ་འདུས་པའི་བཅའ་ཁྲིམས་རྩ་དོན་མཚམས་སྦྱོར་བྱས།

ཚོགས་ཐོག་ནས་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་མེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཕུལ་བའི་ཕྱིར་འགྲོ་ནང་ཡོང་དོ་དམ་བཅའ་ཁྲིམས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཀྲིག་ཆང་གིས་ཕུལ་བའི་ཁྲིམས་འཛིན་མངོན་གསལ་གཏིང་ཟབ་ཏུ་སྤེལ་བ་དང་ཁྲིམས་འཛིན་དྲང་བདེན་ལག་བསྟར་བྱས་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཚའོ་ཅན་མེན་གྱིས་ཕུལ་བའི་རྟོག་དཔྱོད་ལྟ་སྐུལ་ལ་ཤུགས་སྣོན་པ་དང་ཁྲིམས་འཛིན་དྲང་བདེན་སྲུང་སྐྱོབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་ཚོད་ལྟའི་བྱ་བ་སྒྲུབ་པའི་གནས་ཚུལ་སྐོར་གྱི་དུས་འབྲིང་སྙན་ཞུ་བཅས་ལ་ཉན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།