ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་ཡཱ་མེ་ནི་ཡའི་སྤྱི་དམངས་ཁང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

yuzhengshen0.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་པེ་ཅིན་ནས་ཡཱ་མེ་ནི་ཡའི་སྤྱི་དམངས་ཁང་གི་ཀྲུའུ་ཞི་མཱ་ནུའུ་ཅི་ཡཱང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཡཱ་མེ་ནི་ཡ་ནི་ཀྲུང་གོའི་ཀོ་ཅཱ་སོ་ལྷོ་མ་ས་ཁུལ་གྱི་གྲོགས་པོ་བཟང་བོ་དང་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། ཀྲུང་གོ་དང་ཡཱ་མེ་ནི་ཡའི་འབྲེལ་བ་འདྲ་མཉམ་གཉིས་ཕན་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀའི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་སྟེང་ནས་ཕན་ཚུན་ལ་རྒྱུས་ལོན་བྱེད་པ་མ་ཟད་གཞོགས་འདེགས་དམ་ཟབ་བྱེད་ཀྱིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཡཱ་མེ་ནི་ཡ་ཕྱོགས་དང་མཉམ་དུ། མུ་མཐུད་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་དང་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤེལ་ནས། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡཱ་མེ་ནི་ཡའི་སྤྱི་དམངས་ཁང་བར་གྱི་རྒྱལ་ཁབ་བཅོས་སྐྱོང་དང་སྲིད་སྐྱོང་བ། སྲིད་ཞུགས་སྲིད་གླེང་ཕྱོགས་ཀྱི་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་དང་ཡཱ་མེ་ནི་ཡའི་སྤྱི་དམངས་ཁང་བར་གྱི་མཛའ་བརྩེའི་འགྲོ་འོང་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།

མཱ་ནུའུ་ཅི་ཡཱང་གིས་བསྟན་དོན། ཡཱ་མེ་ནི་ཡ་ནི་གནའ་བོའི་དར་གོས་ཚོང་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཡིན་པ་དང་། ཡཱ་མེ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་གྲོས་གཞི་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད་པ་མ་ཟད། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཏུའུ་ཆིན་ལིན་མཇལ་འཕྲད་ལ་ཞུགས།
 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།