ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུས«ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་ཀློག་དེབ»དཔར་ནས་དམག་དཔུང་ཡོངས་ལ་བཀྲམ་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མདའ་དཔོན་རིམ་པ་ཡན་གྱི་ལས་བྱེད་པས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་ཆེད། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་བྱ་བའི་པུའུ་ཡིས་རྩ་འཛུགས་བྱས་ཏེ«ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་ཀློག་དེབ»ཅེས་པ་རྩོམ་སྒྲིག་བྱས་ནས་ཉེ་སྔོན་པར་དུ་བསྐྲུན། «ཀློག་དེབ»དེས་ཀྲུང་དབྱང་དམག་ཨུའི་བཅོས་སྒྱུར་བྱ་བའི་གྲོས་ཚོགས་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་དོན་སྙིང་གལ་ཆེན་དང་མཛུབ་སྟོན་རྩ་དོན། དམིགས་འབེན་ལས་འགན། འཐབ་ཇུས་བྱེད་ཐབས། ལག་ལེན་རེ་བ་སོགས་ཆེད་དོན་དགུ་ལ་དམིགས་ནས། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་དང་གཞུང་ལུགས་ཀྱི་དགོངས་པ་གལ་ཆེན། ཇུས་ཆོད་བཀོད་སྒྲིག་གལ་ཆེན་བཅས་རབ་དང་རིམ་པ་ཁྱོན་ཡོངས་ནས་ལེགས་སྒྲིག་དང་དེར་འགྲེལ་བཤད་བྱས་ཡོད། དམག་ཨུའི་ཆབ་སྲིད་བྱ་བའི་པུའུ་ཡིས་ཉེ་སྔོན་བརྡ་སྦྱོར་བཏང་ནས། དམག་ཡོངས་ནས་དྲག་ཆས་ཉེན་རྟོག་དམག་དཔུང་གིས«ཀློག་དེབ»སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་བྱ་བ་གཟབ་ནན་གྱིས་བཟང་པོར་འཛིན་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།