ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་བཅུ་དྲུག་ལོའི་འཛམ་གླིང་ཚེ་སྲོག་ཚན་རིག་ཚོགས་ཆེན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅུ་དྲུག་ལོའི་འཛམ་གླིང་ཚེ་སྲོག་ཚན་རིག་སློབ་ཆེན་འཚོགས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཚེ་སྲོག་ཚན་རིག་ནི་དུས་རབས་ཉེར་གཅིག་པའི་ཆེས་གལ་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་བསླབ་ཚན་ཁྱབ་ཁོངས་ཡིན་ལ། མིའི་རིགས་ཀྱི་འཚོ་གནས་དང་བདེ་ཐང་། རྒྱུན་སྲིང་འཕེལ་རྒྱས་བཅས་ལ་འབྲེལ་ཡོད། ཀྲུང་གོ་སྲིད་གཞུང་གིས་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་བཞིན་ཡོད་པ་དང་། བདེ་ཐང་ཀྲུང་གོའི་ཉིས་སྟོང་སུམ་ཅུ་ལོའི་འཆར་འགོད་རྩ་གནད་དངོས་འབེབས་བྱས་ཏེ། ཚན་རྩལ་གསར་སྐྲུན་བརྒྱུད་དེ་ཚེ་སྲོག་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་དང་འབྲེལ་ཡོད་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད་ལ། དེ་མི་དམངས་ཀྱི་བདེ་ཐང་དང་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པར་ཉིན་རེ་བཞིན་གལ་ཆེ་ཞིང་མངོན་པར་གསལ་བའི་ནུས་པ་འདོན་བཞིན་ཡོད། ཀྲུང་གོའི་ཚན་རིག་པ་དང་ཁེ་ལས་པས་རྒྱལ་ཁབ་སོ་སོའི་ལས་རིགས་གཅིག་པའི་སྤུན་ཟླ་དང་མཉམ་དུ། ཐེངས་འདིའི་འཛམ་གླིང་ཚེ་སྲོག་ཚན་རིག་ཚོགས་ཆེན་གྱི་བརྗོད་གཞི་ལ་དམིགས་པ་དང་། ཚེ་སྲོག་ཚན་རིག་གི་དགོས་མཁོ་ཆེན་པོར་དམིགས་ནས། བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕན་ཚུན་ལ་སློབ་སྦྱོང་བྱས་ཏེ། ཚན་རིག་གི་བརྒལ་གཏོར་དང་གསར་སྐྲུན་སྔར་ལས་མང་པོས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཐད་ཀྱི་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་བ་གྲུབ་པར་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བ་དང་། མིའི་རིགས་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་དུ་སྐྲུན་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།