ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་དགུ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : 选择作者   སྤེལ་དུས། : 2016-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་པའི་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་དགུ་པ་བསྡུས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་འདུ་ཤེས་དང་ཆེ་ཕྱོགས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་བཅངས་པ་དང་། བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་སྣ་ཚོགས་བློ་བརྟན་འགྱུར་མེད་ཀྱིས་བཟང་པོར་འཛིན་པ། ཁྱབ་ཁོངས་གལ་ཆེན་དང་ལས་འགན་གལ་ཆེན། ཚོད་ལྟ་གལ་ཆེན་འཛིན་པ་མ་ཟད། གནད་འགག་གི་གཙོ་གཞི་དང་གནད་འགག་གི་གོ་རིམ། གནད་འགག་གི་དུམ་མཚམས་བཅས་བཟུང་སྟེ་གཙོ་གནད་ཀྱིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱས་ནས། བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ལྗང་མདོག་སྐྱེ་ཁམས་འཛུགས་རྒྱུ་ཁ་ཕྱོགས་ཡིན་པའི་ཞིང་ལས་ཁ་གསབ་ལམ་ལུགས་ཀྱི་བཅོས་སྒྱུར་ཇུས་གཞི་དང་། ཀྲུང་ཧྭའི་རིག་གནས་ཕྱི་རུ་སྤེལ་བའི་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། ལས་གནས་ཐོབ་ཐང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐའ་ཚད་གཏན་ཁེལ་བྱེད་པ་མ་ཟད་ནན་སྲུང་བྱེད་པའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ། ཆེས་མཐོ་མི་དམངས་ཁྲིམས་ཁང་དུ་སྐོར་སྐྱོད་ཁྲིམས་ཁང་སྣོན་པའི་སྐོར་གྱི་ཡར་ཞུ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་བྱ་བ་སྒྲུབ་པར་འགྲོ་བར་སྔར་ལས་ཁྲིད་སྟོན་དང་སྐུལ་སློང་བྱེད་པའི་སྐོར་གྱི་བསམ་འཆར། སྲིད་དོན་ཡིད་རྟོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། མི་སྒེར་གྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། གློག་རྡུལ་ཚོང་དོན་ཁྱབ་ཁོངས་ཀྱི་ཡིད་རྟོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། རང་བྱུང་ཐོན་ཁུངས་ཀྱི་གཅིག་གྱུར་དབང་བཀོད་ཐོ་འགོད་བྱེད་ཐབས་ཚོད་ལྟའི་ལག་བསྟར། བརླན་ས་སྲུང་སྐྱོབ་ཉམས་གསོ་ལམ་ལུགས་ཀྱི་ཇུས་གཞི། མཚོ་འགྲམ་ས་མཚམས་ཀྱི་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་བྱེད་ཐབས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བཅོས་སྒྱུར་གྱི་རྙོག་འཛིང་གི་གནས་བབ་དང་དཀའ་ཚེགས་ཀྱི་ལས་འགན་མདུན་མ་དམིགས་ནས། བཅོས་སྒྱུར་ལ་སྣེ་འདྲེན་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དང་ལས་འགན་གལ་ཆེན། ཚོད་ལྟ་གལ་ཆེན་བཅས་འཛིན་རྒྱུ་མ་ཟད། གནད་འགག་གི་གཙོ་གཞི་དང་གནད་འགག་གི་གོ་རིམ། གནད་འགག་གི་དུམ་མཚམས་བཅས་འཛིན་དགོས། ཁྱོན་ཡོངས་ལ་འབྲེལ་བའི་བཅོས་སྒྱུར་དང་ལྷག་པར་དུ་ལམ་ལུགས་གལ་ཆེན་གྱི་གསར་གཏོད་དང་འབྲེལ་བའི་བཅོས་སྒྱུར་ཡིན་ཚེ། གཅིག་གྱུར་གྱིས་འགུལ་སྐྱོད་བྱས་ཏེ། དུས་ནམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་བ་དང་རྗེས་སུ་ལུས་མི་རུང་། བྱེ་བྲག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ་ནས་གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེ། གང་དུ་འགལ་བ་དང་གནད་དོན་ཆེས་འབུར་དུ་ཐོན་ཞིང་། དཀའ་ཁག་གང་ཆེས་སེལ་དཀའ་ན། བཅོས་སྒྱུར་དེའི་རིགས་གཙོ་གནད་དུ་འཛིན་དགོས། བཅོས་སྒྱུར་བྱེད་ཐབས་ཀྱི་ངོ་བོའི་རིགས་དབྱེ་བར་དོ་སྣང་བྱས་ཏེ། རིགས་དབྱེ་ཇུས་བསྟར་དང་གནད་ཕིགས་ཇུས་བསྟར་བྱེད་དགོས། དཀའ་གནད་སེལ་བའི་བསམ་ཕྱོགས་དང་འགན་ཁུར་གཙོ་བོ། གནད་འགག་གི་གོ་རིམ། དུས་ཚོད་ཀྱི་དབྱེ་མཚམས་བཅས་གསལ་བར་བྱེད་དགོས། རྨང་གཞི་འདིང་བ་དང་མིག་རྒྱང་རིང་བའི་ལམ་ལུགས་རང་བཞིན་གྱི་བཅོས་སྒྱུར་ལ་གཙོ་བོ་ལམ་ལུགས་ཀྱི་ཇུས་འགོད་བཟང་བོ་བྱས་ཏེ་ཞིབ་ཚགས་ཀྱིས་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་དགོས་ལ། འབྲེལ་མཚམས་ཆུང་བ་དང་ཕན་འབྲས་མྱུར་བའི་བྱེ་བྲག་གི་བཅོས་སྒྱུར་ལ། དམ་འཛིན་ནན་མོས་རེ་རེ་བཞིན་དུ་རྗེས་སྙེག་དང་རེ་རེ་བཞིན་དུ་དངོས་འབེབས་བྱེད་དགོས། རྩ་དོན་རང་བཞིན་གྱི་རེ་བ་བཏོན་ཡོད་པ་དང་སྐུལ་སློང་ཁྲིད་སྟོན་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་ལ། སྤྱི་ཚོགས་སྟེང་གི་ཁྲིད་སྟོན་ལ་དོ་སྣང་བྱས་ཏེ། ལུགས་མཐུན་གྱི་བཅོས་སྒྱུར་དམིགས་འབེན་ཡོད་པར་བྱེད་དགོས། འཚོལ་ཞིབ་རང་བཞིན་གྱི་བཅོས་སྒྱུར་ཚོད་ལྟ་ལ། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་དུས་ལྟར་ཉམས་མྱོང་སྤྱི་སྡོམ། གནད་དོན་འཚོལ་བར་དོ་སྣང་། འཐུས་ཚང་དུ་གཏོང་དགོས་པ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ལ། ཁྱབ་གདལ་དུ་གཏོང་ཆོག་པ་དག་དུས་ལྟར་ཁྱབ་གདལ་དུ་གཏོང་དགོས། འགལ་བ་དང་གནད་དོན་མང་ལ་མཁྲེགས་གཏོར་གྱི་དཀའ་ངལ་ཆེ་བའི་བཅོས་སྒྱུར་ཁ་ཤས་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་མགོ་ཁྲིད་དེ་ཆེ་ཕྱོགས་ལ་དམིགས་པ་དང་མཐུན་སྒྲིལ་དམ་པོས་མཁྲེགས་གཏོར་བྱེད་དགོས།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།