ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ཀྲུང་ནན་ཧེ་ཧོད་རིན་ཐང་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། གནས་བབ་གསར་བའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་རབ་དང་རིམ་པ་གཏན་འཁེལ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་བཟོ་བཅོས་བྱེད་པའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཡུས་ཀྲིན་ཧྲིན་དང་ལིག་ཡུན་ཧྲན། ཝང་ཆི་ཧྲན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨིག་ཞང་དང་། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཁྲང་ཀྲི། དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅོན་ཆི། བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏི། ཐའེ་ཝན་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་ཝུན་དབྱི། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཆིན་མེན། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀའོ་ལོས་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཚང་མའི་གཏན་བཤད་ལ་ཞིབ་ཏུ་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ཆབ་སྲིད་འཚོ་བར་གཙིགས་འཛིན་དང་ཚད་ལྡན་དུ་གཏོང་བ་ནི་ང་ཚོ་ཏང་གི་རང་སྟེང་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། གཟབ་ནན་གསུམ་དང་དོན་དམ་གསུམ་ལག་ལེན་མཐར་ཕྱིན་བྱེད་པའི་དགོས་ངེས་ཀྱི་རེ་བའང་ཡིན། ཏང་ནང་གི་ཆབ་སྲིད་འཚོ་བར་གཙིགས་འཛིན་དང་ཚད་ལྡན་དུ་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་གིས་ཏང་ལ་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་དེང་སྐབས་ཀྱི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཁྲོད་གནས་པའི་གནད་དོན་གཙོ་བོ་ཐག་གཅོད་པའི་དགོས་མཁོའང་ཡིན། ཉམས་སད་ཆེན་པོ་བཞི་དང་ཉེན་ཁ་སྣ་བཞིའི་གནས་ཚུལ་འོག ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ན། ངེས་པར་དུ་ཏང་ནང་གི་ཆབ་སྲིད་འཚོ་བར་གཙིགས་འཛིན་དང་ཚད་ལྡན་དུ་བཏང་སྟེ། རྒྱུན་ཆད་མེད་པར་རང་སྟེང་གཙང་སྒྱུར་དང་རང་སྟེང་འཐུས་ཚང་། རང་སྟེང་གསར་སྒྱུར། རང་སྟེང་མཐོར་འདེགས་སུ་གཏོང་བ་བཅས་བྱེད་དགོས་ལ། སྔོན་སྔོན་རང་བཞིན་དང་དག་གཙང་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། སྲིད་འཛིན་ནུས་པ་ཇེ་ཆེར་བཏང་སྟེ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།