ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཧྥི་ལི་ཕིན་གྱི་ཙུང་ཐུང་དང་མཉམ་དུ་ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སུ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9738ef8f7e954466a9681c5cbcbbda33.jpg

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་མཉམ་དུ་ཁ་ཡིག་ལ་ལོ་རྒྱུས་གསར་བ་དང་སྟོབས་ཤུགས་གསར་བ། འཕེལ་རྒྱས་གསར་བ་ཞེས་པའི་ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སུ་ཞུགས། 

1dd4cef710418822368c23e1c4cd808a.jpg

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་མཉམ་དུ་ཁ་ཡིག་ལ་ལོ་རྒྱུས་གསར་བ་དང་སྟོབས་ཤུགས་གསར་བ། འཕེལ་རྒྱས་གསར་བ་ཞེས་པའི་ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སུ་ཞུགས། པར་འདི་ནི་གླེང་སྟེགས་མ་ཚོགས་གོང་། ཀྲང་ཀའོ་ལིས་ཀྱིས་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་བའི་ཚུལ་རེད། 
 6632bdc607f38aa3ecf544355e5c6b74.jpg

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་མཉམ་དུ་ཁ་ཡིག་ལ་ལོ་རྒྱུས་གསར་བ་དང་སྟོབས་ཤུགས་གསར་བ། འཕེལ་རྒྱས་གསར་བ་ཞེས་པའི་ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སུ་ཞུགས། པར་འདི་ནི་གླེང་སྟེགས་མ་ཚོགས་གོང་། ཀྲང་ཀའོ་ལིས་ཀྱིས་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚེས་ཉི་ཤུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་མཉམ་དུ་ཁ་ཡིག་ལ་ལོ་རྒྱུས་གསར་བ་དང་སྟོབས་ཤུགས་གསར་བ། འཕེལ་རྒྱས་གསར་བ་ཞེས་པའི་ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སུ་ཞུགས།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཏུའུ་ཐི་ཨར་ཐི་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་ལས་གྲོས་གཞི་རབ་དང་རིམ་པ་འགོད་པའི་མཛད་སྒོར་ཞུགས། ཙུང་ལི་ལིས་ཁི་ཆང་གིས་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱིས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པའི་ཐད་ལ་བརྗེ་རེས་ཟབ་མོ་མཛད་དེ། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་གསར་བ་སྐྲུན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བཟང་བོ་བྱེད་པ་དང་། ཁྱིམ་མཚེས་མཛའ་མཐུན་མཉམ་ལས་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་འབྲེལ་བ་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་སྟེང་ཁྲིད་པར་བྱེད་དགོས་ཟེར།

ཏུའུ་ཐི་ཨར་ཐི་ཡིས་བཤད་རྒྱུར། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ལ་མ་དངུལ་བཏང་སྟེ། ཧྥི་ལི་ཕིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།