ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཞི་ཅིན་ཕེན་ཆེད་བཏང་གནམ་གྲུར་བཞུགས་ཏེ་བྷང་ག་ལའི་རྒྱལ་ས་ཏ་ཁ་ཧྲ་ཅ་ལ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས་བྷང་ག་ལ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b007e944777da5a9109aa7da36d911fb.jpg

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཆེད་བཏང་གནམ་གྲུར་བཞུགས་ཏེ་བྷང་ག་ལའི་རྒྱལ་ས་ཏ་ཁ་ཧྲ་ཅ་ལ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས་བྷང་ག་ལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཆེད་བཏང་གནམ་གྲུར་བཞུགས་ཏེ་བྷང་ག་ལའི་རྒྱལ་ས་ཏ་ཁ་ཧྲ་ཅ་ལ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས་བྷང་ག་ལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཉིན་དེའི་དུས་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཏ་ཁ་ཧྲ་ཅ་ལ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་བྷང་ག་ལའི་ཙུང་ཐུང་ཧ་མུས་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། ཞི་ཅིན་ཕེན་གྱིས་གསུང་རྒྱུར། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་བར་དུ་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་གཅིག་གི་རིང་ལ། ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་སོང་བ་དང་། ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་དང་གཉིས་ཕན་མཉམ་ལས་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། ས་གནས་རང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་བཞག ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་འདོད་ཡོད། བདག་གིས་བྷང་ག་ལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་དང་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ལ་འཆར་འགོད་བཟང་བོ་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།    །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།