ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་ནས་རིག་རྩལ་དར་རྒྱས་གོང་འཕེལ་དང་གསར་རྩོམ་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

faacf5163a0ee2d6672cd04da5dc5f93.bmp

ཟླ་བཅུ་བའི་ཚེས་བཅུ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་གསུང་བཤད་གལ་ཆེན་གནང་སྟེ་ལོ་འཁོར་གཉིས་ལོན་པའི་སྐབས་འདིར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་ནས་རིག་རྩལ་དར་རྒྱས་གོང་འཕེལ་དང་གསར་རྩོམ་བྱ་བའི་ཉམས་མྱོང་བརྗེ་རེས་བྱེད་པའི་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

 56b927777ffab444926de02c085af0bf.bmp

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་གསུང་བཤད་གལ་ཆེན་གནང་སྟེ་ལོ་འཁོར་གཉིས་ལོན་པའི་སྐབས་འདིར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་ནས་རིག་རྩལ་དར་རྒྱས་གོང་འཕེལ་དང་གསར་རྩོམ་བྱ་བའི་ཉམས་མྱོང་བརྗེ་རེས་བྱེད་པའི་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་གྲུབ་འབྲས་ཇེ་བརྟན་དུ་བཏང་སྟེ། འབད་བརྩོན་སྔར་ལས་ཆེན་པོ་བྱེད་པ་དང་སྔར་ལས་ནུས་ལྡན་བྱེད་ཐབས་སྤྱད་དེ། རིག་རྩལ་གསར་རྩོམ་བྱ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་ཡར་སྐུལ་གཏོང་དགོས་པ་ནན་གྱིས་བསྟན།

ལིག་ཆི་པའོ་ཡིས་གསུངས་རྒྱུར། སྟོབས་དང་ལྡན་པའི་རིག་རྩལ་སྲིད་ཇུས་ནི་བརྩམས་ཆས་བཟང་བོ་གསར་རྩོམ་བྱེད་པར་སྐུལ་འདེད་གཏོང་བའི་ཁག་ཐེག་གལ་ཆེན་ཡིན། ད་ཡོད་ཀྱི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་དགོས་པར་མ་ཟད། ལག་ལེན་དང་འཕེལ་རྒྱས་ལ་གཞིགས་ནས་འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་དང་འཐུས་ཚང་དུ་བཏང་སྟེ། སྲིད་ཇུས་ལག་བསྟར་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་དང་མཛུབ་སྟོན་ལྟ་སྐུལ་བྱས་ནས། རིག་རྩལ་གསར་རྩོམ་དང་དར་རྒྱས་གོང་འཕེལ་དུ་གཏོང་བར་ཁོར་ཡུག་བཟང་བོ་སྐྲུན་དགོས་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།