ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ཐོན་ནས་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་ལྔ་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཚེས་བཅུ་ཉིན་གྱི་ཕྱི་དྲོར་ལིས་ཁི་ཆང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་དང་མཉམ་དུ་དམིགས་བསལ་སྲིད་འཛིན་སྲིད་གཞུང་གི་སྤྱི་ཁྱབ་པུའུ་ལ་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་བ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ཐོན་ནས་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་ལྔ་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཉིན་དེའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུའི་སྟེང་ལིས་ཁི་ཆང་བཞུགས་པའི་ཆེད་བཏང་གནམ་གྲུ་ཨོ་མིན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས། ལིས་ཁི་ཆང་གིས་གནམ་གྲུ་ཐང་དུ་གསར་འགོད་པ་བརྒྱུད་དེ་ཀྲུང་དབྱང་སྲིད་གཞུང་གིས་ཨོ་མིན་སྤུན་ཟླར་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཁོང་གིས་གསུངས་རྒྱུར། ང་རང་ད་ཐེངས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ཡོང་ནས་ཨོ་མིན་གྱི་ལས་རིགས་སོ་སོའི་མི་སྣར་འབྲེལ་འདྲིས་དང་བརྗེ་རེས་བྱེད་པ་དང་ཨོ་མིན་གྱི་འཕེལ་རྒྱས་དང་འགྱུར་ལྡོག ཨོ་མིན་གྱི་རྒྱུན་ལྡན་གྱི་འཚོ་བ་ཉམས་སུ་མྱོང་ངེས་ཡིན། དེ་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨོ་མིན་གྱི་ལས་རིགས་སོ་སོའི་སྤུན་ཟླ་རྣམས་ལ་ཀྲུང་དབྱང་སྲིད་གཞུང་གིས་ཡང་བསྐྱར་ཨོ་མིན་གྱི་འཛུགས་སྐྲུན་དང་ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་ཉོ་ཚོང་བརྗེ་རེས་མཉམ་ལས་ཞབས་ཕྱིའི་སྟེགས་བུ་ལ་རྒྱབ་སྐྱོར་བྱས་ནས། ཨོ་མིན་གྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཡུན་རིང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་བའི་བསམ་ཚུལ་མཚོན་པར་བྱས། ང་རང་ད་ཐེངས་ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ལ་ཞུགས་ནས་ཕྱོགས་སོ་སོ་དང་མཉམ་དུ་གཉིས་ཕན་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།
ཉིན་དེའི་ཕྱི་དྲོར་ལིས་ཁི་ཆང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་དང་མཉམ་དུ་དམིགས་བསལ་སྲིད་འཛིན་སྲིད་གཞུང་གི་སྤྱི་ཁྱབ་པུའུ་ལ་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་བ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་རྗེས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ། སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གྱི་མགོ་ཁྲིད་འོག སྐབས་འདིའི་དམིགས་བསལ་སྲིད་འཛིན་སྲིད་གཞུང་གིས་ཕན་འབྲས་ལྡན་པའི་བྱ་བ་གང་མང་སྒྲུབ་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་གཞི་རྩའི་བཅའ་ཁྲིམས་དངོས་འབེབས་དང་ལག་བསྟར་བྱས་ནས་རྒྱལ་གཅེས་ཨོ་གཅེས་ཀྱི་རིན་ཐང་ལྟ་བ་བརྟན་སྲུང་བྱས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བསྐྱར་དར་བྱུང་བ་དལ་བའི་རྒྱབ་ལྗོངས་འོག་ཏུ་ཨོ་མིན་གྱི་དཔལ་འབྱོར་སྤྱིར་བཏང་དུ་བརྟན་བརླིང་ཡིན་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་ལ། དམངས་གཙོ་སྲིད་འཛིན་ལམ་ལུགས་ཁྲིམས་ལྟར་ལག་བསྟར་བྱས་ནས་འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་ལས་སླ་མོ་ཞིག་མ་ཡིན་ཟེར། །