ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏེ་ཅང་གིས་མགོ་འཛིན་མཛད་དེ་དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ab172e5961577083f8cecf659c450ea6 (1).jpg

ཟླ་བཅུ་བའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་བཟོ་བཅོས་དང་དམངས་དོན་བཅའ་ཁྲིམས་ཚིག་མཛོད་རྩོམ་སྒྲིག་བྱེད་པའི་ཐད་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན།
 21d69950b5c44c0e4de80296308b0ad7.jpg

ཟླ་བཅུ་བའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་བཟོ་བཅོས་དང་དམངས་དོན་བཅའ་ཁྲིམས་ཚིག་མཛོད་རྩོམ་སྒྲིག་བྱེད་པའི་ཐད་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་བཟོ་བཅོས་དང་དམངས་དོན་བཅའ་ཁྲིམས་ཚིག་མཛོད་རྩོམ་སྒྲིག་བྱེད་པའི་ཐད་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན། ཁོང་གིས་ནན་གྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ནན་ཏན་སྒོས་ལག་བསྟར་བྱས་ནས། ཏང་དང་མི་དམངས་ལ་ཧ་ཅང་འགན་འཁུར་བའི་རྣམ་འགྱུར་བཟུང་སྟེ། མ་ལག་ཚན་རིག་དང་མཐུན་ཞིང་། གྲུབ་ཚུལ་གཟབ་ནན། ཚད་ལྡན་དང་ལུགས་མཐུན་བཅས་ཡིན་པའི་ཀྲུང་གོའི་ཁྱད་ཆོས་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་དམངས་དོན་བཅའ་ཁྲིམས་ཚིག་མཛོད་ཧུར་ཐག་སྒོས་རྩོམ་སྒྲིག་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁ་ཤས་ཀྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཚང་མའི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ལས་དམངས་དོན་བཅའ་ཁྲིམས་ཚིག་མཛོད་རྩོམ་སྒྲིག་བྱེད་པ་ནི་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་གཏན་ལ་ཕབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དམངས་དོན་བཅའ་ཁྲིམས་ཚིག་མཛོད་རྩོམ་སྒྲིག་དང་དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་གཏན་འཁེལ་བྱེད་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད། མཛུབ་སྟོན་གལ་ཆེན་དང་གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས་པས། འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་བྱ་བ་བཟང་བོར་སྒྲུབ་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས། དམངས་དོན་བཅའ་ཁྲིམས་ཚིག་མཛོད་རྩོམ་སྒྲིག་དང་དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་དོན་གཏན་འཁེལ་བྱེད་པའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱེད་དགོས་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།