ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་ཁུལ་དུ་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བདུན་བཏང་སྟེ་ཆུ་བོའི་བཞུར་རྒྱུན་བཙོག་བཟོ་འགོག་བཅོས་ཀྱི་འབྲེལ་ཡོད་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཉེར་དྲུག་ལ་ཀྲུང་དབྱང་སྔོན་རྩིས་ནང་ཁུལ་དུ་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བདུན་བཏང་སྟེ་ཆུ་བོའི་བཞུར་རྒྱུན་བཙོག་བཟོ་འགོག་བཅོས་ཀྱི་འབྲེལ་ཡོད་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད།

མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་དངུལ་གཏོང་འཆར་གཞིའི་ཐོ་འགོད་སྙན་སེང་བྱ་བ་ཡོངས་འགྲུབ་བྱས། གོ་རིམ་རྗེས་མར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལྟ་རྟོག་དོ་དམ་གྱི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པ་དང་ལྟ་རྟོག་དོ་དམ་གྱི་ནང་དོན་གཏན་འཁེལ་གསལ་བོ་བྱེད་པ། རང་གིས་རང་ལ་ཞིབ་བཤེར་དང་འཐེན་ཞིབ། ཆེད་དོན་ལྟ་ཞིབ་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དངུལ་གཏོང་ལས་གཞིའི་ཞིབ་བཤེར་ཆོག་མཆན་འགོད་པའི་ལྟ་རྟོག་དོ་དམ་སྟེགས་བུ་བཀོལ་སྤྱོད་བྱེད་པ། ལས་གཞིའི་རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་པ། མ་དངུལ་ལས་གཞིའི་ལྟ་རྟོག་ཞིབ་བཤེར་ནུས་པ་ཇེ་ཆེར་བཏང་ནས་དངུལ་གཏོང་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་རེད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།