ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྟོན་གུང་གསེང་དུས་ཀྱི་ཉིན་གཉིས་པར་རྒྱལ་ཡོངས་ཀྱིས་གནས་སྐོར་པ་མི་ཐེངས་དུང་ཕྱུར་གཅིག་ས་ཡ་བཞི་སྣེ་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྟོན་གུང་གསེང་དུས་ཀྱི་ཉིན་གཉིས་པར། རྒྱལ་ཡོངས་ཀྱི་གནས་སྐོར་ལ་སོང་བའི་མི་གྲངས་ཚེས་གཅིག་ཉིན་ལས་ཅུང་ཇེ་མང་དུ་སོང་། རྒྱལ་ཁབ་གནས་སྐོར་ཅུའུ་གཞི་གྲངས་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་ས་གཙོ་བོ་དང་ས་གནས་སོ་སོས་ཡར་ཞུ་བྱས་པའི་གཞི་གྲངས་དང་འགྲིམ་འགྲུལ་སྡེ་ཁག་གི་འགྲུལ་བ་འགྲུལ་བཞུད་ཀྱི་གཞི་གྲངས་བཅས་གཞིར་བཟུང་ནས་ཕྱོགས་བསྡུས་ཚོད་རྩིས་བྱས་པ་ལྟར་ན། ཟླ་བཅུ་བའི་ཚེས་གཉིས་ཉིན་རྒྱལ་ཡོངས་ཀྱིས་གནས་སྐོར་པ་མི་ཐེངས་དུང་ཕྱུར་གཅིག་དང་ས་ཡ་བཞི་སྣེ་ལེན་བྱས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་གཉིས་ལྷག་འཕར། གནས་སྐོར་འཛད་སྤྱོད་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་བཞི་དུང་ཕྱུར་ལྔ་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅུ་དྲུག་ལྷག་འཕར།

ཉིན་དེར་རྒྱལ་ཡོངས་ཀྱི་ལྕགས་ལམ་ལས་མུ་མཐུད་དུ་འགྲུལ་བ་མང་པོ་བསྐྱལ་བ་དང་། ཚོད་དཔག་བྱས་ན་འགྲུལ་བ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ་བསྐྱལ། དམངས་སྤྱོད་མཁའ་འགྲུལ་ཕྱོགས་ནས་ཟླ་བཅུ་བའི་ཚེས་གཉིས་ཉིན་ལྷོ་ཕྱོགས་མཁའ་འགྲུལ་ཀུང་ཟིས་གནམ་གྲུ་ཐེངས་སྟོང་གཅིག་དང་དྲུག་བརྒྱ་བཏང་བ་དང་། འགྲུལ་བ་མི་ཐེངས་འབུམ་གཉིས་དང་ཁྲི་བདུན་བསྐྱལ། ལྷོ་ཕྱོགས་མཁའ་འགྲུལ་ཀུང་ཟིའི་ཀོང་ཀྲིག་ནས་འགག་སྒོ་བརྒྱུད་པའི་འགྲུལ་བ་མི་ཐེངས་ཁྲི་བརྒྱད་ལ་སླེབས་པ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་འཕར།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་། གནས་སྐོར་གྲོང་ཁྱེར་དང་ལྗོངས་ཁུལ་གྱི་འཁོར་སྐྱོད་བརྟན་འཇགས་ཡིན། དེའི་ནང་དུ་ཅང་ཞི་ཞིང་ཆེན་གྱི་ལྗོངས་ཁུལ་གཙོ་བོ་སོ་དྲུག་གིས་བསྡོམས་པས་གནས་སྐོར་པ་མི་ཐེངས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དགུ་སྣེ་ལེན་བྱས་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཉེར་དྲུག་ལྷག་འཕར་ལ། སྤ་སེའི་ཡོང་སྒོ་སྒོར་བྱེ་བ་བརྒྱད་དང་འབུམ་བཞི་ཁྲི་གཉིས་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་ལྷག་འཕར། ཧྲན་ཏུང་ཞིང་ཆེན་གྱི་ལྗོངས་ཁུལ་གཙོ་བོ་བརྒྱ་ནས་བསྡོམས་པས་གནས་སྐོར་པ་མི་ཐེངས་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་སྣེ་ལེན་བྱས་པ་དང་། དུས་མཉམ་ལས་བརྒྱ་ཆའི་དགུ་ལྷག་འཕར་ལ། སྤ་སེའི་ཡོང་སྒོ་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་འབུམ་གསུམ་ཁྲི་བརྒྱད་ལྷག་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅུ་གཉིས་ལྷག་འཕར། ཧུའུ་པེ་ཞིང་ཆེན་གྱི་ལྗོངས་ཁུལ་གཙོ་བོ་ཉེར་ལྔ་ནས་གནས་སྐོར་པ་མི་ཐེངས་འབུམ་བཞི་དང་ཁྲི་དགུ་སྟོང་བཞི་དྲུག་བརྒྱ་སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་སྒོ་སྒོར་བྱེ་བ་དྲུག་དང་ས་ཡ་དགུ་འབུམ་གཅིག་ཁྲི་གཉིས་ལྷག་ལ་སླེབས་ནས། དུས་མཉམ་ལས་བརྒྱ་ཆའི་བརྒྱད་འཕར། ཧུའུ་ནན་ཞིང་ཆེན་གྱི་གནས་སྐོར་ཁུལ་དོན་གཉིས་ནས་བསྡོམས་པས་གནས་སྐོར་པ་མི་ཐེངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་ལྷག་སྣེ་ལེན་བྱེད་པ་དང་། སྤ་སེའི་ཡོང་སྒོ་སྒོར་བྱེ་བ་བརྒྱད་དང་ས་ཡ་ལྔ་འབུམ་གསུམ་ཁྲི་དྲུག་ལ་སླེབས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།