ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་རྣམ་གཉིས་མཉམ་དུ་ཀྲུང་གོ་དང་ཁ་ན་ཏའི་མཉམ་ལས་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སྐབས་དྲུག་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强与加拿大总理特鲁多共同出席第六届中加经贸合作论坛并致辞.jpg

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་རྣམ་གཉིས་མཉམ་དུ་ཀྲུང་གོ་དང་ཁ་ན་ཏའི་མཉམ་ལས་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སྐབས་དྲུག་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་རྣམ་གཉིས་མཉམ་དུ་ཀྲུང་གོ་དང་ཁ་ན་ཏའི་མཉམ་ལས་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སྐབས་དྲུག་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་བདུན་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་ཁྲིམས་ལྟར་རྒྱལ་སྐྱོང་ཁྱོན་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེའི་ནང་དུ་རྒྱལ་སྤྱིའི་སྒྲུབ་སྟངས་དཔྱད་གཞིར་བཟུང་སྟེ་ཁྱབ་ཁོངས་སོ་སོ་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ་དང་མཉམ་དུ་མུ་མཐུད་ནས་སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱེད་པ། ཞབས་ཕྱི་ལེགས་སྒྱུར་བྱེད་པ་སོགས་ཀྱི་བཅོས་སྒྱུར་ལག་བསྟར་བྱས་ཏེ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྔར་ལས་འདྲ་མཉམ་ཡིན་པའི་ཚོང་རའི་ཁོར་ཡུག་དང་སྔར་ལས་ལེགས་བཅོས་བྱེད་པའི་ཁྲིམས་ལུགས་ཁོར་ཡུག་གསར་སྐྲུན་བྱེད་རྒྱུ་འདུས་ཡོད། ཕྱིན་ཆད་འཕེལ་རྒྱས་བྱུང་ནས་དུས་རིམ་གང་ཞིག་ཏུ་སླེབ་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་རྒྱ་བསྐྱེད་དེ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཡངས་བར་ཕྱེས་པ་དང་། ཕྱི་དངུལ་སྲིད་ཇུས་བེད་སྐྱོད་པ་སྔར་ལས་ཚད་ལྡན་དང་མངོན་གསལ་ཡིན་ཟེར།

ཐི་ལུའུ་ཏོ་ཡིས་བཤད་རྒྱུར། ཁ་ན་ཏ་དང་ཀྲུང་གོའི་ཙུང་ལིས་ཕན་ཚུན་ལ་འཚམས་འདྲི་དང་གྲོས་མོལ་གང་མང་བྱས་ཏེ་དངོས་གཉེར་གྲུབ་འབྲས་གང་མང་བྱུང་བ་དང་། དེ་ལས་ཕྱོགས་གཉིས་ཀྱིས་གྲོས་མོལ་བརྒྱུད་དེ་མཉམ་ལས་ལ་སྐུལ་འདེད་བཏང་ཆོག་པ་མཚོན་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་འདྲིས་དམ་པོ་བྱེད་པ་དང་། མཉམ་དུ་འབད་བརྩོན་བྱས་ཏེ་ཁ་ན་ཏ་དང་ཀྲུང་གོའི་འབྲེལ་བ་དེ་བརྟན་འཇགས་དང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཡང་བསྐྱར་ཞུགས་པ་དང་། དུས་སྐབས་གསར་བའི་ནང་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གཉིས་ཕན་མཉམ་རྒྱལ་གྱི་མངོན་འགྱུར་བྱེད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།