ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ལག་བསྟར་བྱས་པར་ཁྲིམས་སྐྱོང་ཞིབ་བཤེར་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་པེ་ཅིན་ནས་ཚོགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལག་བསྟར་བྱས་པའི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་གསར་བར་ཐོག་དང་པོར་ཞིབ་བཤེར་བྱེད་རྒྱུ་རེད།

བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ལག་བསྟར་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་། ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་དང་ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱིས་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱས་པའི་གནས་ཚུལ། བདེ་འཇགས་ཐོན་སྐྱེད་ལྟ་རྟོག་དོ་དམ་འཐུས་ཚང་དུ་གཏོང་བའི་སྒྲིག་སྲོལ་རྐྱེན་སྲོལ་དང་ཞིང་ལས་དང་ཞིང་སྡེ་ས་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ལྟ་རྟོག་དོ་དམ་གནས་ཚུལ་སོགས་ལ་ཞིབ་བཤེར་བྱེད་རྒྱུ་རེད།

ཐེངས་འདིའི་ཁྲིམས་སྐྱོང་ཞིབ་བཤེར་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་དམག་ཚོགས་བཅས་སུ་ལག་བསྟར་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།