ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕ་ཐི་ལུའུ་ཧྲི་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༣༣༣༣༣༣༣༣.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨུ་རུ་སིའི་ཁྲིམས་སྐྱོང་བདེ་འཇགས་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་དང་ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་བདེ་འཇགས་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕ་ཐི་ལུའུ་ཧྲི་ཧྥུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨུ་རུ་སིའི་ཁྲིམས་སྐྱོང་བདེ་འཇགས་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་དང་ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་བདེ་འཇགས་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕ་ཐི་ལུའུ་ཧྲི་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ་བདག་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་སྐབས་སུ་ད་ལོའི་གྲོས་མོལ་ཐེངས་གསུམ་པ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། དེང་སྐབས་ཀྱི་གནས་བབ་འོག་ཏུ་ཀྲུང་གོ་དང་ཨུ་རུ་སིའི་བདེ་འཇགས་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་དགོས་གལ་ཤིན་ཏུ་ཆེ། ཕྱོགས་གཉིས་ཀྱིས་ད་ཡོད་ཀྱི་མཉམ་ལས་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བདེ་འཇགས་གྲོས་མོལ་དང་བརྗེ་རེས་སྔར་ལས་ཇེ་མང་དུ་གཏོང་དགོས་ཟེར།

ཕ་ཐི་ལུའུ་ཧྲི་ཧྥུའུ་ཡིས་བཤད་རྒྱུར། ཙུང་ཐུང་ཕུའུ་ཅིན་དང་ཀྲུའུ་ཞི་ཞི་ཅིན་ཕེན་གཉིས་ཀྱི་མགོ་ཁྲིད་འོག ཨུ་རུ་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཇེ་མང་དུ་སོང་བར་མ་ཟད་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་འཐབ་ཇུས་མཐུན་སྦྱོར་དང་གཉིས་ཕན་མཉམ་ལས་སྔར་ལས་རྒྱ་སྐྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།