ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་སིང་ག་ཕོར་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

22222.jpg

 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་ཧང་ཀྲིག་ནས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་ཧང་ཀྲིག་ནས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ལིས་ཞན་ལུང་ཀྲུང་གོར་འཚམས་འདྲི་བྱེད་པ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ན་ནིང་ཀྲུང་གོ་དང་སིང་ག་ཕོར་བར་དུ་བབ་བསྟུན་མདུན་སྐྱོད་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་གཏན་ཁེལ་བྱས། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་། ཕྱོགས་གཉིས་ཀྱིས་མཐོ་རིམ་ཇུས་འགོད་བཟང་པོར་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བཟང་པོ་བྱེད་པ་དང་། མཐོ་རིམ་འགྲོ་འོང་སྲུང་འཛིན་བྱེད་པ། འབྲེལ་འདྲིས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ལ་རྒྱུས་ལོན་དང་བརྩི་བཀུར་བྱེད་དགོས། ཀྲུང་གོས་སིང་ག་ཕོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པའི་འདོད་བློ་བཟང་པོར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་སིང་ག་ཕོར་གྱི་ཁྲུང་ཆིན་གྱི་མཉམ་འབྲེལ་མཉམ་གཏོང་གི་དཔེ་སྟོན་ལས་གཞི་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གྲུབ་འབྲས་གསར་བར་སྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་དངུལ་རྩ་དང་མཉམ་འབྲེལ་དྲ་བ། ཆ་འཕྲིན་འཕྲིན་གཏོང་ལག་རྩལ། སྤྱི་ཚོགས་བཅོས་སྐྱོང་། ཁྲིམས་འཛིན་བདེ་འཇགས། འཇིགས་སྐུལ་ངོ་རྒོལ། རུལ་སུངས་འགོག་རྒོལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་དགོས། སིང་ག་ཕོར་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། ནུས་པ་གང་ལེགས་བཏོན་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་རེ་བ་ཡིན། ཀྲུང་གོས་སིང་ག་ཕོར་བར་གྱི་ས་ཁུལ་དང་རྒྱལ་སྤྱིའི་རྐྱེན་སྲོལ་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད་ཟེར།

ལིས་ཞན་ལུང་གིས་བསྟན་དོན། སིང་ག་ཕོར་དང་ཀྲུང་གོའི་བབ་བསྟུན་མདུན་སྐྱོད་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བའི་ཁྲིད་སྟོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་འཕེལ་རིམ་བདེ་བླག་ཡིན། སིང་ག་ཕོར་དང་ཀྲུང་གོའི་ཁྲུང་ཆིན་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་མཉམ་གཏོང་གི་དཔེ་སྟོན་ལས་གཞི་རིམ་བཞིན་གྲུབ་ཡོད་ལ། སིང་ག་ཕོར་གྱིས་དེ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་གི་མཁར་འགྲུལ་དང་དངུལ་རྩ། མཉམ་འབྲེལ་མཉམ་གཏོང་སོགས་ཁྱབ་ཁོངས་ཀྱི་ལས་གཞི་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། སིང་ག་ཕོར་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཉིས་ཕན་མཉམ་ལས་ལ་མུ་མཐུད་དུ་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཀྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།