ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན་ཨུ་ཡོན་གཞོན་པ། ལའོ་ཉིན་ཞིང་ཆེན་ཏང་ཨུའི་སྔོན་ཆད་ཀྱི་ཧྲུའུ་ཅི་ཝང་མེན་གྱིས་ཁྲིམས་འགལ་གནད་དོན་ཚབས་ཆེན་བཟོས་ཏེ་ཏང་ནང་དང་གོ་གནས་ལས་ཕྱིར་ཕུད

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་ལྟར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། ལའོ་ཉིན་ཞིང་ཆེན་ཏང་ཨུའི་སྔོན་ཆད་ཀྱི་ཧྲུའུ་ཅི་ཝང་མེན་གྱི་ཁྲིམས་འགལ་གནད་དོན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བྱས།

ཝང་མེན་ཀྲུང་དབྱང་ཨུ་ཡོན་ཡིན་ན་ཡང་། ཕུགས་བསམ་དང་ཡིད་ཆེས་བརྟན་པོ་མིན་པ་དང་། སྒྲིག་ཁྲིམས་འདུ་ཤེས་ཞན་པས། ཏང་གི་སྒྲིག་ལམ་དང་འགལ་བར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་ད་རུང་མུ་མཐུད་དུ་ཁྲིམས་འགལ་དོན་རྐྱེན་མང་པོ་བཟོས་ཏེ། ཆབ་སྲིད་སྟེང་ནས་ཤུགས་རྐྱེན་ངན་པ་བཟོས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་དེར་ཞིབ་འཇུག་བྱས་པར་མ་ཟད་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་ཕུལ་ནས་གྲོས་ཞིབ་བྱས་རྗེས། ཝང་མེན་ཏང་ནང་དང་གོ་གནས་ལས་ཕྱིར་འབུད་པ་དང་། ཁོའི་ནག་ཉེས་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་སྤྲོད་དེ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་ཐག་བཅད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།