སྡོད་ཁང་འཛུགས་སྐྲུན་པུའུ་སོགས་ལས་ཁུངས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་བར་དུ་དབུལ་ཕོངས་སྡེ་བ་ཡོད་ཚད་ཀྱི་ཆ་རྐྱེན་དེ་མི་སྡོད་གཙང་སྦྲའི་ཆ་རྐྱེན་ཚད་གཞི་རུ་སླེབ་ཏུ་འཇུག་རྒྱུ་ཡིན་ཞེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཚེས་བརྒྱད་ཉིན་སྡོད་ཁང་འཛུགས་སྐྲུན་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། དབུལ་ཕོངས་སྡེ་བའི་མི་སྡོད་གཙང་སྦྲའི་ཆ་རྐྱེན་ལེགས་བཅོས་བྱེད་ཆེད། སྡོད་ཁང་འཛུགས་སྐྲུན་པུའུ་སོགས་ལས་ཁུངས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་བར་དུ་དབུལ་ཕོངས་སྡེ་བ་ཡོད་ཚད་ཀྱི་ཆ་རྐྱེན་དེ་མི་སྡོད་གཙང་སྦྲའི་ཆ་རྐྱེན་ཚད་གཞི་རུ་སླེབ་ཏུ་འཇུག་པ་དང་། མི་སྡོད་གཙང་སྦྲའི་བདེ་ཐང་ཉེན་ཁ་མེད་པར་གཏོང་བ་དང་མཉམ་དུ་ཚད་མཐོན་པོས་མི་སྡོད་གཙང་སྦྲའི་ཆ་རྐྱེན་ཞན་པ་ལས་བཟོས་པའི་ནད་རིགས་བྱུང་ཚད་ཇེ་ཆུང་དུ་བཏང་ནས། ཞིང་བ་མང་ཚོགས་ལ་དཔལ་ཡོན་དང་བདེ་ཐང་ཡིན་པའི་འཚོ་བའི་གོམས་སྲོལ་ཆགས་པར་བྱེད་རྒྱུ་ཡིན་ཞེས་བསྟན།

སྡོད་ཁང་འཛུགས་སྐྲུན་པུའུ་སོགས་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་དབུལ་ཕོངས་སྡེ་བའི་མི་སྡོད་གཙང་སྦྲའི་ཆ་རྐྱེན་ཚད་གཞི་ནི། སྡོད་དམངས་ཀྱི་འཐུང་ཆུ་ཕར་ཆེར་བདེ་འཇགས་སུ་གཏོང་བ་དང་ཁྱིམ་ཚང་རེ་རེ་ཡིས་མི་ཟོག་སོ་སོར་བགར་བ་མངོན་འགྱུར་བྱེད་པ། སྤྱོད་ཁང་གི་ཁེབས་རྒྱ་མངོན་གསལ་དུ་ཇེ་ཆེར་གཏོང་བ། ཞིང་སྡེའི་འཚོ་བའི་གད་སྙིགས་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པ། ཞིང་བའི་སྡོད་ཁང་ལ་རླུང་རྒྱུ་བ་དང་འོད་རྒྱག་པ། དྲོད་འཛིན་པར་མ་ཟད་བདེ་འཇགས་འགན་སྲུང་བྱེད་རྒྱུ་དེ་ཡིན།

སྡོད་ཁང་འཛུགས་སྐྲུན་པུའུ་སོགས་ལས་ཁུངས་ཀྱིས་ཕྱིན་ཆད་མི་ཟོག་སོ་སོར་བགར་བ་དང་ཞིང་སྡེའི་འཐུང་ཆུའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། ད་ལྟ་མཁར་གྲོང་གི་འཐུང་ཆུའི་ཆུ་གཤིས་ལ་ཞིབ་བཤེར་ཚད་ལེན་བྱེད་པ་དེ་རིམ་བཞིན་ཞིང་སྡེ་ནས་ལག་བསྟར་བྱེད་རྒྱུ་དང་། དུས་བཅད་ལྟར་དབུལ་ཕོངས་སྡེ་བའི་འཐུང་ཆུའི་ཆུ་གཤིས་ལ་འཕྲོད་བསྟེན་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་རེད། ཞིང་སྡེའི་གད་སྙིགས་ལ་བཅོས་སྐྱོང་བྱས་ཏེ། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་གི་སྔོན་ལ་ཁྱོན་ཡོངས་ནས་གད་སྙིགས་གཙང་བཤེར་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། གཞི་རྩའི་སྡོད་ཁང་བདེ་ཐང་ཆ་རྐྱེན་ལེགས་བཅོས་བཟང་བོ་བྱེད་པ་དང་། དབུལ་ཕོངས་སྡེ་བའི་ཁང་རྙིང་སྒྱུར་བཀོད་ཤུགས་ཚད་ཇེ་ཆེར་བཏང་ནས་ཁྱིམ་ཚང་ཡོད་ཚད་བདེ་འཇགས་ཁང་བའི་ནང་དུ་འདུག་ཐུབ་པ་མངོན་འགྱུར་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།