ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གི་གྲོས་ཚོགས་རབ་དང་རིམ་པ་ལའོ་ཝུའོ་ཡི་རྒྱལ་ས་ཝན་ཞང་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བརྒྱད་པའི་ཚེས་བཞི་དང་ཚེས་ལྔ་ཉིན་གཉིས་ལ། ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གི་གྲོས་ཚོགས་རབ་དང་རིམ་པ་ལའོ་ཝུའོ་ཡི་རྒྱལ་ས་ཝན་ཞང་ནས་བསྡུས།

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐོན་ནུས་མཉམ་ལས་མཉམ་འབྲེལ་གསལ་སྒྲོག་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། དེ་དང་མཉམ་དུ་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཇེ་མང་དུ་གཏོང་བའི་ཐད་ལ་འབྲེལ་མཐུད་འཕེལ་རྒྱས་འཐབ་ཇུས་བཏོན་པར་མ་ཟད་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སོགས་གྲོས་གཞི་ལྔ་བཏོན།

ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་སྟེང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་སྐྱིད་སྡུག་མཉམ་ཁུར་བྱས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་དང་ཆུ་ཚད་མཐོ་བ། བཟོད་སྒོམ། དོ་མཉམ་བཅས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རང་མོས་ཉོ་ཚོང་ས་ཁུལ་མངོན་འགྱུར་བྱེད་པར་མཉམ་དུ་བྱས་རྗེས་འཇོག་དགོས་པའི་རེ་འབོད་བཏོན།

ཁུལ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་འགོད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་། ཕྱོགས་སོ་སོས་སྔ་མོ་ནས་སྤུས་ཚད་མཐོ་ཞིང་ཕྱོགས་གཉིས་ཀར་ཕན་པ་དང་ཚོང་ལས་ཀྱི་དོན་སྙིང་ལྡན་པའི་ཁུལ་ཁོངས་རང་མོས་གྲོས་མཐུན་འགོད་པའི་ཁས་ལེན་དམ་བཅའ་ནན་བཤད་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།