ཀྲུང་གོ་བོད་ཀྱི་དྲ་བ།

ཝང་གོ་ཧྲིན་གྱིས་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཞུའུ་ཆིན་སོགས་ལ་ཐུག་འཕྲད་བྱས། ​

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མཚོ་ཤར་གྲོང་ཁྱེར་ནས་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཞུའུ་ཆིན་སོགས་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ཟབ་སྤེལ་བྱེད་པའི་ཐད་ནས་མཛའ་མཐུན་ལྡན་པའི་གྲོས་མོལ་བྱས།

ཧྲིན་ཀྲིན་དང་མཚོ་ཤར་གྱིས་འབྱོར་ཚོང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཕྱིར་འཚོང་མཉམ་ལས་ཟབ་སྤེལ་བྱེད་པ། ཡུན་རིང་གི་མཉམ་ལས་རྐྱེན་སྲོལ་འཛུགས་པ་སོགས་ཕྱོགས་ནས་མཛའ་མཐུན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཐོག་མ་བཀོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ཟབ་སྤེལ་བྱེད་བཞིན་ཡོད།

ཝང་གོ་ཧྲིན་གྱིས་ཞུའུ་ཆིན་སོགས་མཚོ་སྔོན་ལ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཧྲིན་ཀྲིན་གྲོང་ཁྱེར་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་གྲལ་དུ་ཡོད་པའི་ས་གནས་ཡིན་ལ། མཚོ་སྔོན་ཁྱད་ཆོས་མངོན་པར་གསལ་བའི་ནུབ་རྒྱུད་ཀྱི་ཞིང་ཆེན་ཡིན། ཕྱོགས་གཉིས་བར་དུ་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བ་དང་བར་སྟོང་ཁོད་ཡངས། མཚོ་སྔོན་དང་ཧྲིན་ཀྲིན་བར་དུ་བརྗེ་རེས་དང་མཉམ་ལས་ཟབ་མོ་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཤར་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན། ཕྱོགས་གཉིས་ཀྱི་ལས་གཞི་དང་ཚན་རྩལ། ཤེས་ལྡན་མི་སྣ་སོགས་ཐད་ཀྱི་དངོས་གཉེར་མཉམ་ལས་བརྒྱུད་དེ། མཚོ་སྔོན་དང་ཧྲིན་ཀྲིན་མཉམ་དུ་འཕེལ་རྒྱས་སུ་གཏོང་ཐུབ་པ་མ་ཟད། ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཐད་བྱས་རྗེས་བཟང་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞུའུ་ཆིན་གྱིས་ཧྲིན་ཀྲིན་དང་མཚོ་ཤར་གྱི་མཉམ་ལས་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་ལ། རྟོག་ཞིབ་བརྒྱུད་དེ་གོ་སྐབས་དམ་འཛིན་གྱིས་མཚོ་སྔོན་བར་མཉམ་ལས་བྱེད་ས་ཧུར་ཐག་གིས་བཙལ་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་རིམ་པ་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བཤད། ཝང་ཡུས་པོ་དང་ཝང་ལིས་མེན་གཉིས་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།