ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཁམ་ཕུ་ཁྲེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཧན་སང་ལིན་ལ་མཇལ་འཕྲད་གནང་། ​

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

171cc3b734563fe1d77de6dc8f462b32.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་ཁམ་ཕུ་ཁྲེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཧན་སང་ལིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་ཁམ་ཕུ་ཁྲེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཧན་སང་ལིན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་དུ་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་ཞིང་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་གཞོགས་འདེགས་དམ་པོ་བྱས་པས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བ་དེ་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་མཛའ་མཐུན་མཉམ་གནས་དང་མཉམ་ལས་བཟང་བོ་བྱེད་པའི་དཔེ་སྟོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་གཟེངས་བསྟོད་བྱེད་པ་ཡིན་ཟེར།

ཧན་སང་ལིན་གྱིས་བཤད་རྒྱུར། ཀྲུང་གོ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དེས་ས་གནས་རང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་གོ་སྐབས་བཟང་བོ་བསྐྲུན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ཞུགས་ཏེ་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།