ལིག་ཡུན་ཧྲན་ཞིང་ལྗོངས་ཁ་ཤས་ཀྱི་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

163.jpg

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། ཞིང་ལྗོངས་ཁ་ཤས་ཀྱི་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་བྱ་བའི་བཞུགས་མོལ་ཚོགས་འདུ་ལན་ཀྲིག་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། 

164.jpg

 

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། ཞིང་ལྗོངས་ཁ་ཤས་ཀྱི་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་བྱ་བའི་བཞུགས་མོལ་ཚོགས་འདུ་ལན་ཀྲིག་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། 
 

165.jpg

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲིག་གྲོང་ཁྱེར་ནས་བྱ་བར་གཟིགས་ཞིབ་མཛད། པར་འདི་ནི་ལིན་ཡུན་ཧྲན་གྱིས་ལན་ཀྲིག་ཁྲིན་ཀོན་ས་གནས་དཔྱ་ཁྲལ་ཅུའུ་ནས་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་བྱ་བའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞིང་ལྗོངས་ཁ་ཤས་ཀྱི་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ལན་ཀྲིག་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། བསམ་བློའི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། གནད་དོན་འབུར་ཐོན་གཙོ་བོར་བཟུང་སྟེ། སློབ་སྦྱོང་སློབ་གསོ་བྱ་བར་གྲུབ་འབྲས་དངོས་ལེན་པར་དངོས་སུ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་གསུངས།

བཞུགས་མོལ་ཚོགས་འདུའི་སྟེང་ཀན་སུའུ་དང་ཧྲན་ཏུང་། ཧི་ནན། ཧྲན་ཞི། མཚོ་སྔོན། ཉིན་ཞ། ཞིན་ཅང་བཅས་ཞིང་ལྗོངས་ཀྱི་ཏང་ཨུའི་འགན་ཁུར་བློ་མཐུན་གྱིས་བྱ་བའི་གནས་ཚུལ་བརྗེ་རེས་བྱས། ཚང་མས་བལྟས་ན། དུས་རིམ་སྔོན་མའི་སློབ་སྦྱོང་སློབ་གསོ་བྱ་བས་སློབ་སྦྱོང་དང་སྒྲུབ་པ་གཉིས་ཟུང་འབྲེལ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སློབ་གསོ་བྱ་བར་མཐོང་ཆེན་བྱེད་པ། རིམ་པ་དང་ཁག་བཀར་ནས་ཡར་སྐུལ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་བྱུང་། དེ་དང་མཉམ་དུ་གནས་པའི་གནད་དོན་ལ་མཐོང་ཆེན་བྱས་ནས། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། བྱེད་ཐབས་ལ་ཤུགས་སྣོན་པ། བྱ་བའི་མཛུབ་སྟོན་གཙིགས་འཛིན་བྱས་ཏེ། སློབ་སྦྱོང་སློབ་གསོ་བྱ་བ་བཟང་བོར་སྒྲུབ་དགོས་པར་སྙམ།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་བདུན་གཅིག་གསུང་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་རབ་དང་རིམ་པར་གཏིང་ཟབ་པའི་སྒོ་ནས་ལན་བཏབ་སྟེ། སློབ་སྦྱོང་སློབ་གསོ་བྱ་བ་བཟང་བོར་སྒྲུབ་པར་བསམ་བློའི་ཁྲིད་སྟོན་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་པས། དེར་སློབ་སྦྱོང་ནན་མོ་བྱེད་པ་དང་ཆེད་དོན་ཞིབ་བསྡུར་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་བསྲུང་བྱ་ཁོང་དུ་ཆུད་པ། ཏང་ལ་དོ་དམ་ནན་མོ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་གྱི་རེ་བ་ཁོང་དུ་ཆུད་པ་བཅས་བྱས་ནས། ལག་ལེན་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལན་ཀྲིག་ནས་བཞུགས་མོལ་ཚོགས་འདུར་ཞུགས་སྐབས། ལིག་ཡུན་ཧྲན་ད་རུང་ཁེ་ལས་དང་སྡོད་ཁུལ། མཐོ་རིམ་སློབ་གྲྭ ཞབས་ཞུའི་ལས་ཁུངས་བཅས་ལ་ཕེབས་ཏེ་གཟིགས་ཞིབ་མཛད་པར་མ་ཟད། ཏང་ཡོན་རྒན་པར་འཚམས་འདྲི་གནང་བ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ལིག་ཡུན་ཧྲན་གྱིས་ཀན་སུའུ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྲུན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་མཛད་པར་མ་ཟད། གཞི་རྩའི་དམིགས་འབེན་དམ་པོར་འཛིན་པ་དང་། མང་ཚོགས་བར་གྱི་བརྩེ་དུང་ཇེ་དམ་དུ་གཏོང་བ། ཏང་ཡོན་གྱི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་དོན་དག་རེ་རེ་བཟང་བོར་སྒྲུབ་དགོས་ཟེར།

ཀྲའོ་ལི་ཅི་ཡིས་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་མཉམ་དུ་རྟོག་ཞིབ་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།