ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཧྲང་ཧེ་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7e1cee1373b9896d73ba62bc4700aa76.jpg

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། གསེར་ལྡན་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཧྲང་ཧེ་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། 

 ca9798c8dda8398226d2d8ed4efb7479.jpg

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཧྲང་ཧེ་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། 
 5294b86c099d0932b480efe9c3477385.jpg

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཧྲང་ཧེ་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། པར་འདི་ནི་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྔོན་ལ། ཀྲང་ཀའོ་ལིས་ཀྱིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པའི་ཕྱི་རྒྱལ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་མཉམ་དུ་པར་བླངས་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་ཚེས་ཉི་ཤུ་ཉིན་ཧྲང་ཧེ་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་་ཁང་གསར་བ་བཙུགས་པ་དེ་ནི་གསར་དར་ཚོང་རའི་རྒྱལ་ཁབ་མྱུར་དུ་འཕེལ་རྒྱས་སུ་བྱུང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་དང་འབྲེལ་འདྲིས་ཉིན་རེ་བཞིན་ཇེ་དམ་སུ་སོང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་སོང་བ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་དང་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་བཅས་ཀྱི་གྲུབ་འབྲས་ཡིན་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། གསར་སྤེལ་དངུལ་ཁང་གསར་བས་གསེར་གྱོམ་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ལ་ནུས་ཡོད་སྒོས་རྒྱབ་སྐྱོར་བྱེད་དགོས་ལ། ད་ཡོད་ཀྱི་འཛམ་གླིང་དང་ས་ཁོངས་ཀྱི་ཕྱོགས་མང་པོའི་གསར་སྤེལ་ལས་ཁུངས་ཀྱི་ཕན་ཡོད་ཁ་གསབ་ཞིག་ཏུ་སྒྱུར་དགོས་པ་སྟེ། གཅིག་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་བར་སྟོང་གསར་བ་རྒྱ་བསྐྱེད་དགོས་པ་དང་། གཉིས་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་ཡོངས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་མཐུན་རྐྱེན་གསར་བ་སྐྲུན་དགོས། གསུམ་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཕྱོགས་མང་པོའི་མཉམ་ལས་གྲོགས་པོའི་འབྲེལ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས། བཞི་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དངུལ་བསྡུ་རྣམ་པ་གསར་བ་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་དགོས། ལྔ་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་བྱེད་པའི་སྒྲིག་ལམ་གསར་བ་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན་ལ། ཀྲུང་གོ་སྲིད་གཞུང་གིས་གསར་སྤེལ་དངུལ་ཁང་གསར་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་མཐུན་རྐྱེན་སྐྲུན་ཏེ། བྱེད་སྒོ་སྣ་ཚོགས་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

གསར་སྤེལ་དངུལ་ཁང་གསར་བའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལས་འཛིན་དང་། འཐུས་མི། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སུ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།