ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཤར་བྱང་ཞིང་ཆེན་གསུམ་གྱི་བཟོ་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པའི་གནད་དོན་གྱི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

133.jpg

ཟླ་བདུན་པའི་ཚེས་དགུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ཤར་བྱང་ཞིང་ཆེན་གསུམ་གྱི་བཟོ་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པའི་གནད་དོན་གྱི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས་ཏེ་གྲོས་གཞི་ལ་ཉན་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་ཤར་བྱང་ཞིང་ཆེན་གསུམ་གྱི་བཟོ་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པའི་གནད་དོན་གྱི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས་ཏེ་གྲོས་གཞི་ལ་ཉན་པར་མ་ཟད་གསུངས་བཤད་གནང་།

ཨུ་ཡོན་དང་ས་གནས་ཀྱི་འཐུས་མི། ཆེད་མཁས་པ་དང་རིག་གནས་པ་བཅས་ཉེར་ལྔས་ཚོགས་ཐོག་ཏུ་གཏམ་བཤད་དེ། ཤར་བྱང་ཞིང་ཆེན་གསུམ་གྱི་བཟོ་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པའི་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ཨུ་ཡོན་རྣམས་ཀྱིས་བལྟས་ན། བཟོ་ལས་ཀྱི་གནད་ཆེ་ས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱེད་པའི་ཐད་འཇོག་དགོས་པ་དང་། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་དེས་གཙོ་བོར་གནད་དོན་ལྔ་ཐག་གཅོད་བྱེད་དགོས་ལ། ངེས་པར་དུ་ཁེ་ལས་ཀྱི་དངུལ་གཏོང་མཁན་གྱི་འགན་འཁྲིའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པ་དང་། ངེས་པར་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁྲིམས་མིས་སྒྲིག་གཞི་བཅོས་སྒྱུར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ངེས་པར་དུ་སྤྱི་ཚོགས་འགན་སྲུང་བྱ་བ་འཐུས་ཚང་དུ་གཏོང་དགོས་པ་དང་། ཁེ་ལས་ཀྱིས་སྤྱི་ཚོགས་སྒྲུབ་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ། བཟོ་གྲྭས་ཐུན་མོང་ཚོགས་པ་སྒྲུབ་པའི་གནད་དོན་ཐག་གཅོད་བྱེད་དགོས་པར་སྙམ།

ཨུ་ཡོན་རྣམས་ཀྱིས་ད་རུང་ཆ་ཚང་སྲིད་ཇུས་དང་ལག་བསྟར་བྱེད་ཐབས་གཏན་ལ་ཕབ་སྟེ། ཀྲུང་དབྱང་གི་ཤར་བྱང་དར་རྒྱས་སུ་གཏོང་བའི་སྐོར་གྱི་སྲིད་ཇུས་མྱུར་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་སོགས་ཀྱི་གྲོས་གཞི་བཏོན།

ཀྲང་ཀའོ་ལིས་ཀྱིས་གསུང་བཤད་གནང་སྐབས་ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བའི་ས་ཁུལ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དམ་པོར་བཅངས་པ་དང་དེ་ལག་ལེན་མཐར་ཕྱིན་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་བཏང་སྟེ། སྤུས་ཚད་སྔར་ལས་མཐོ་ཞིང་ཕན་འབྲས་སྔར་ལས་བཟང་བ། སྒྲིག་གཞི་སྔར་ལས་ལེགས་པ། ཁྱད་སྟོབས་གང་ལེགས་སྒོས་ངོམ་པ་བཅས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་གསར་གཏོད་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།