ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོའི་སྲིད་གཞུང་གི་འགན་ཁུར་བས་སྤྱི་ཚོགས་དངུལ་གཏོང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ae9b8d2c994adb74c44d47f3c1594376.jpg

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོའི་སྲིད་གཞུང་གི་འགན་ཁུར་བས་སྤྱི་ཚོགས་དངུལ་གཏོང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གྲོས་ཚོགས་བསྡུས་ནས། དེའི་ཐད་ཀྱི་བྱ་བར་སྔར་ལས་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས། 

dc1acd0bbd913d4ce4d4cae270840070.jpg

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོའི་སྲིད་གཞུང་གི་འགན་ཁུར་བས་སྤྱི་ཚོགས་དངུལ་གཏོང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གྲོས་ཚོགས་བསྡུས་ནས། དེའི་ཐད་ཀྱི་བྱ་བར་སྔར་ལས་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོའི་སྲིད་གཞུང་གི་འགན་ཁུར་བས་སྤྱི་ཚོགས་དངུལ་གཏོང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གྲོས་ཚོགས་བསྡུས་ནས། དེའི་ཐད་ཀྱི་བྱ་བར་སྔར་ལས་བཀོད་སྒྲིག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་། ཅི་ལིན་དང་ཅང་སུའུ། ཨན་ཧོས། ཀོང་ཏུང་། ཀོང་ཞི། ཟི་ཁྲོན་བཅས་ཞིང་ལྗོངས་ཀྱི་སྲིད་གཞུང་གི་འགན་ཁུར་བ་གཙོ་བོས་བྱ་བའི་ཡར་ཞུ་ཕུལ། ཚང་མས་བལྟས་ན། ད་ལོའི་ལོ་སྟོད་དུ་དཔལ་འབྱོར་འཁོར་རྒྱུག་བརྟན་འཇགས་ཡིན་པ་དང་གྲུབ་ཚུལ་ཇེ་ལེགས་སུ་འགྲོ་བཞིན་ཡོད། འོན་ཀྱང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་དང་རྒྱལ་ནང་གི་དཔལ་འབྱོར་མར་ཆགས་པ་སོགས་ཀྱིས་ཤུགས་རྐྱེན་ཐེབས་འོག ད་ལྟ་སྤྱི་ཚོགས་དངུལ་གཏོང་འཕར་སྣོན་བྱེད་ཚད་མངོན་གསལ་སྒོས་ཇེ་དམར་སོང་ཡོད་པར་སྙམ། ཚང་མས་དོན་དངོས་དང་སྦྲེལ་ཏེ་གྲོས་གཞི་བཏོན།

ལིས་ཁི་ཆང་གིས་གསུངས་རྒྱུར། ཕན་ཡོད་དངུལ་གཏོང་རྒྱ་བསྐྱེད་དགོས་པར་མ་ཟད་འཛད་སྤྱོད་དང་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ་དེ་ནི་སྤྱིའི་དགོས་མཁོ་འོས་འཚམ་སྒོས་རྒྱ་བསྐྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་བོར་བཟུང་སྟེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། བཅོས་སྒྱུར་གྱི་ཤུགས་ཚད་ལ་བརྟེན་ནས་སྤྱི་ཚོགས་དངུལ་གཏོང་གི་ཚད་ཇེ་ཆེར་གཏོང་དགོས། གཅིག་ནི་དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཐད་ཀྱི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། གཉིས་ནི་གཉེར་ཁྲལ་འཕར་ཁྲལ་དུ་སྒྱུར་བ་སོགས་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་དགོས། གསུམ་ནི་དངུལ་གཏོང་བྱེད་ཐབས་གསར་གཏོད་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སློང་བྱས་ནས། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ། འཕེལ་རྒྱས་དམ་འཛིན་བྱེད་པ་བཅས་ཀྱི་རྣམ་པ་ཆགས་པར་བྱེད་དགོས་ཟེར།

ལིག་ཡན་ཏུང་དང་མཱ་ཁེ། དབྱང་ཅིན། ཝང་ཡུང་བཅས་གྲོས་ཚོགས་སུ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།