ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཕེས་ཧྭ་ཡིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཕེས་ཧྭ་ཡིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད།

གཟིགས་ཞིབ་མཛད་སྐབས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕུན་གཉིས་མཱ་ཕེས་ཧྭ་བཞུགས་སར་སོང་སྟེ་འཚམས་འདྲི་ཞུས། རིན་ཆེན་རྒྱལ་དང་ཝང་ཡུས་པའོ། ཧན་ཅན་ཧྭ། ཅི་རིན་ཧྥུན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་དང་བཞུགས་མོལ་བྱས།

གཟིགས་ཞིབ་མཛད་སྐབས། མཱ་ཕེས་ཧྭ་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་སྐབས་བཅོ་ལྔ་བའི་མགོ་རྩོམ་པའི་མཛད་སྒོར་ཞུགས།

མཱ་ཕེས་ཧྭ་ཡིས་སྔོན་ཆད་ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་གི་སིའོ་ཀྲང་གི་འགན་འཁུར་བཞེས་མྱོང་། དུས་ཡུན་རིང་བོའི་ཚུན་ལ། ཁོང་གིས་ཚྭ་མཚོ་ཚན་རིག་ཞིབ་འཇུག་ལས་དོན་དང་ཚན་རིག་ཞིབ་འཇུག་མི་སྣ་སེམས་སུ་བཟུང་སྟེ། ཐེངས་འདིར་མཚོ་སྔོན་དུ་གཟིགས་ཞིབ་བྱེད་པའི་ས་ཚིགས་དང་པོ་མཱ་ཕེས་ཧྭ་ཀྲུང་གོ་ཚན་རིག་གླིང་ཚྭ་མཚོ་ཞིབ་འཇུག་ཁང་དུ་ཕེབས། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། མཱ་ཕེས་ཧྭ་ཡིས་མཚོ་སྔོན་ཚྭ་མཚོ་ཁང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་ལས་བྱེད་པ་དང་ལས་བཟོ་བ་རྣམས་དང་བཞུགས་མོལ་མཛད། ཁོང་གིས་མཚོ་སྔོན་ཚྭ་མཚོ་ཡིས་ཚྭ་མཚོ་ཐོན་ཁུངས་གསར་གཏོད་བྱེད་པར་རྐང་ཚུགས་པ་དང་སྐྱེ་མེད་རྒྱུ་ཆའི་ཁྱབ་ཁོངས་གསར་བར་ཁ་ཕྱོགས་ཏེ། ནུབ་རྒྱུད་ས་ཁུལ་དང་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། མཱ་ཕེས་ཧྭ་ཡིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཞི་རིམ་གྱི་འཐུས་མི་ཁ་ཤས་ལ་མཇལ་འཕྲད་གནང་བ་དང་། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་གཞི་རིམ་རྩ་འཛུགས་ཁ་ཤས་ཀྱི་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན་པར་མ་ཟད་བཞུགས་མོལ་མཛད། མཱ་ཕེས་ཧྭ་ཡིས་གསུངས་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་གཙོ་རྒྱལ་འཛུགས་ཀྱི་བྱ་བར་ཧ་ཅང་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དུས་སྐབས་གསར་བའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་་ཚོགས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་དོན་དངོས་དང་སྦྲེལ་ཏེ། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་བློ་འདོན་ཇུས་འབུལ་བྱེད་དགོས་ཟེར།

མཱ་ཕེས་ཧྭ་ད་རུང་མཚོ་སྔོན་ཐའེ་ཧྥུན་སྔོན་སྐྱོད་ལིས་ཐོན་ནུས་ཚན་རྩལ་ཚད་ཡོད་ཀུང་ཟིར་ཕེབས་ཏེ་ལིས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་མཛད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།