ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། སློབ་གསོ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་དགུ་བཅུ་ཞེས་པར་ནན་ཏན་སྒོས་རྩ་འཛུགས་དང་སློབ་སྦྱོང་། དྲིལ་སྒྲོག་བཅས་བྱེད་པའི་སྐོར་གྱི་བརྡ་ཐོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། སློབ་གསོ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་དགུ་བཅུ་ཞེས་པར་ནན་ཏན་སྒོས་རྩ་འཛུགས་དང་སློབ་སྦྱོང་། དྲིལ་སྒྲོག་བཅས་བྱེད་པའི་སྐོར་གྱི་བརྡ་ཐོ་བཏང་། བརྡ་ཐོའི་ནང་བསྟན་དོན། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་དགུ་བཅུ་ཞེས་པའི་དཔེ་དེབ་ཀྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས། ལོ་ཆུང་ན་གཞོན་བཅས་ལ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཆེས་གསར་དབང་ཟིལ་ཀློག་དེབ་ཅིག་འདོན་སྤྲོད་བྱས། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་དགུ་བཅུ་ཞེས་པའི་དཔེ་དེབ་པར་སྐྲུན་བྱས་པ་གོ་སྐབས་སུ་བཟུང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་དང་ལོ་ཆུང་ན་གཞོན་རྣམས་རྩ་འཛུགས་དང་སྣེ་ཁྲིད་བྱས་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་དགོས་པར་མ་ཟད་ལོ་རྒྱུས་རྟོགས་ཤིང་ཏང་ལ་གཅེས་སྐྱོང་བྱེད་པ་དང་ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་གཅེས་སྐྱོང་བྱེད་པ་ཞིག་བྱེད་དགོས། རིམ་པ་སོ་སོའི་རྩ་འཛུགས་མི་དོན་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་དགུ་བཅུ་ཞེས་པའི་དཔེ་དེབ་དེ་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་གཞི་རྩའི་བསླབ་གཞི་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་རིམ་པ་སོ་སོའི་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་བྱེད་པའི་ནང་དོན་དུ་འཇོག་དགོས། རིམ་པ་སོ་སོའི་དྲིལ་སྒྲོག་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་དགུ་བཅུ་ཞེས་པའི་དཔེ་དེབ་ཀྱི་དྲིལ་སྒྲོག་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་གཏོང་དགོས། རིམ་པ་སོ་སོའི་ཏང་གི་ལོ་རྒྱུས་ལས་ཁུངས་ཀྱིས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་དགོས་པ་དང་། ཆེད་མཁས་པ་དང་ཤེས་ཡོན་ཅན་རྩ་འཛུགས་བྱས་ཏེ་ལོ་དགུ་བཅུའི་དཔེ་དེབ་ལ་དམིགས་ནས་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། རིམ་པ་སོ་སོའི་སློབ་གསོ་ལས་ཁུངས་ཀྱིས་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་ལོ་དགུ་བཅུའི་དཔེ་དེབ་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས་པ་དང་། དཔེ་དེབ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་བསླབ་ཚན་དང་བསམ་བློ་ཀུན་སྤྱོད་བསླབ་ཚན་གྱི་ནང་དོན་གལ་ཆེན་དུ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།