ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུའུ་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དམངས་སྲིད་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར། དམངས་སྲིད་པུའུ་སྤྱི་ཚོགས་རྒུད་སྐྱོབ་ཟིའི་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དམངས་སྲིད་ལས་གཞི་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། ལྟ་ཞིབ་ཚན་ཆུང་གིས་མེན་ཧོ་ཧོས་རིགས་དང་ཧོར་རིགས་རང་སྐྱོང་རྫོང་བྱིས་པའི་ཕན་བདེ་ཁང་གི་ལས་གཞི་དང་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་སྤྱི་ཚོགས་ཕན་བདེ་ལྟེ་གནས་ཀྱི་གཉོར་སྐྱོང་ཐོག་ཁང་དང་བྱིས་པའི་ཕན་བདེ་ཁང་གི་ལས་གཞི། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་རྒན་གསོ་ཁང་གི་གཉོར་སྐྱོང་ཐོག་ཁང་ལས་གཞི་བཅས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས།

ཟླ་བདུན་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་སྲིད་ཐིན་གྱིས་བསྡུས་པའི་ཆེད་དོན་བཞུགས་མོལ་ཚོགས་འདུའི་སྟེང་། དམངས་སྲིད་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གྱི་ཡར་ཞུ་ལ་ཉན། ལྟ་ཞིབ་ཚན་ཆུང་གིས་བལྟས་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་ལས་གཞི་འཛུགས་སྐྲུན་བྱེད་པ་དེས་བྱ་བ་གཙོ་བོ་དམ་པོར་དམིགས་ཏེ། དམངས་ཚིས་འགན་སྲུང་ནུས་པ་ཧུར་ཐག་སྒོས་མཐོར་འདེགས་སུ་གཏོང་བ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་ཚད་ཇེ་ཆེར་གཏོང་བ། སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་ཕྱི་སྒྲུབ་པ་བཅས་དམིགས་འབེན་དང་ལས་འགན་ཞིག་ཏུ་བརྩིས་ནས། དམངས་སྲིད་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱས་པར་མ་ཟད། མང་ཚོགས་ལ་ཕན་ཐོགས་པའི་དོན་དངོས་དང་དོན་བཟང་མང་པོ་བསྒྲུབས་པས། གྲུབ་འབྲས་མངོན་གསལ་བླངས། དེའི་ཐད་ཀྱི་ཉམས་མྱོང་ནུབ་བྱང་གི་རིགས་འདྲ་ས་ཁུལ་གྱིས་དཔྱད་གཞིར་འཛིན་པ་དང་ཁྱབ་གདལ་དུ་གཏོང་ཆོག་ཟེར།

ལྟ་ཞིབ་ཚན་ཆུང་གིས་ད་རུང་མཚོ་སྔོན་གྱི་དམངས་སྲིད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་བྱ་བའི་ཐད་ལ་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།