ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་གནང་རྒྱུ་མ་ཟད་ཨེ་ཤ་ཡ་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་མགོ་གཙོའི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཀྲ་ཨེར་ཀི་ལི་ཐུའུ་ལི་ཀ་ཨིག་ཨེར་ཏིན་པ་ཐི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་མོང་གོལ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད། དེ་དང་མཉམ་དུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁྲ་ཧེས་ཡ་ཨིག་ལི་པེ་ཀི་ཏིའོ་ཨར་ཅི་ཡིས་གདན་དྲངས་པ་ལྟར། ཙུང་ལི་ལིས་ཁི་ཆང་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་བུའུ་ལན་པ་ཐོ་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་མགོ་གཙོའི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས་རྒྱུ་རེད།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།