ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་མགོ་གཙོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀོས་ཡང་ནས་ཀྲུང་གོར་སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་མགོ་གཙོ་ལ་མཇལ་འཕྲད་གནང་། 

2.jpg

ཟླ་བདུན་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀོས་ཡང་ནས་ཀྲུང་གོར་སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པའི་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨོ་ཉི་ཨར་ལ་མཇལ་འཕྲད་གནང་།

3.jpg

ཟླ་བདུན་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀོས་ཡང་ནས་ཀྲུང་གོར་སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་རྒྱལ་དམངས་ཁང་གི་གྲོས་དཔོན་མཱ་ཁི་བ་ཨར་ཏི་ལ་མཇལ་འཕྲད་གནང་།

4.jpg

ཟླ་བདུན་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀོས་ཡང་ནས་ཀྲུང་གོར་སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པའི་ཁེན་ནི་ཡའི་ཙུང་ཐུང་གཞོན་པ་ལུའུ་ཐོ་ལ་མཇལ་འཕྲད་གནང་། 

༤.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བརྒྱད་ཉིན་ཀོས་ཡང་ནས་ཀྲུང་གོར་སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་སུ་ཞུགས་པར་ཡོང་བའི་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨོ་ཉི་ཨར་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་རྒྱལ་དམངས་ཁང་གི་གྲོས་དཔོན་མཱ་ཁི་བ་ཨར་ཏི། ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་བཅས་ལ་སོ་སོར་མཇལ་འཕྲད་གནང་།

ཨོ་ཉི་ཨར་ལ་མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གང་ལེགས་མཛད་པ་དང་། ཕ་ཕུ་ཡ་ཀུའི་ནེ་ཡ་ཕྱོགས་ཀྱིས་ཐའེ་ཝན་དང་ནན་ཧེ་རྒྱ་མཚོ་སོགས་ཀྱི་གནད་དོན་ཐད་ལ་ཀྲུང་གོར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་མཛད་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་གནས་སྐོར་དང་ནུས་ཁུངས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་གསུངས།

མཱ་ཁི་བ་ཨར་ཏི་ལ་མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་སུའེ་ཙེར་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ལུའུ་ཐོ་ལ་མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཁེན་ནི་ཡ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་ཤིག་ཏུ་བསླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཐོན་ལས་འབྲེལ་འདྲིས་བྱེད་པ་དང་ཐོན་ནུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་གཙོ་བོར་བཟུང་སྟེ། ཀྲུང་གོ་དང་ཁེན་ནི་ཡ་གཉིས་ཀྱི་མཉམ་ལས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་འདོད་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་ད་རུང་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་སྔོན་ཆད་ཀྱི་མགོ་གཙོ་ལ་མཉམ་དུ་མཇལ་འཕྲད་གནང་།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།