ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བའི་ཐད་ནས་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཁབ་དངུལ་ལོར་དང་འཕེལ་རྒྱས་ཚོད་ལྟ་ཁང་གི་ལས་འཛིན་དཔོན་པོ་ལིས་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཝང་ཡེ་མེན། ལའོ་ཉིན་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་ཡོན་ཀྲང་ཞེ་ཏིས། ཧྲང་ཧེ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་ཝང་ཀྲན་སོགས་ཀྱིས་རང་རང་གི་ཞིབ་འཇུག་ཁྱབ་ཁོངས་དང་རང་རང་གི་ས་གནས་སོ་སོ། རང་རང་གི་ཁེ་ལས་སོ་སོའི་དོན་དངོས་དང་འབྲེལ་ཏེ་གཏམ་བཤད། ཞི་ཅིན་ཕེན་གྱིས་ཆེད་མཁས་པ་དང་ཤེས་ཡོན་ཅན་གྱི་གཏམ་བཤད་ལ་ནན་ཏན་སྒོས་ཉན་པ་དང་དུས་ངེས་མེད་དུ་འབྲེལ་ཡོད་གནད་དོན་ཐད་ནས་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་དང་མཉམ་དུ་གྲོས་བསྡུར་བྱས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་དང་དཔལ་འབྱོར་གནས་བབ་འོག་ཏུ་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་གནས་བབ་དང་ཁོར་ཡུག་ལ་དབྱེ་ཞིབ་བཟང་བོ་བྱེད་པ་དང་འཐབ་ཇུས་གོ་སྐབས་ཀྱི་ནང་དོན་དང་ཆ་རྐྱེན་གྱི་འགྱུར་ལྡོག་གསལ་བོར་ཤེས་པར་བྱེད་དགོས་ལ། ཆེ་ཕྱོགས་ཀྱི་དཔལ་འབྱོར་གནས་བབ་གསལ་བོར་ཤེས་པར་བྱེད་པ་དང་འགྲན་རྩོད་སྣ་ཚོགས་ལ་ཅིས་ཀྱང་ཁ་གཏད་འཇལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཤེས་བྱར་བརྩི་འཇོག་དང་ཤེས་ལྡན་མི་སྣར་བརྩི་འཇོག་བྱེད་པ་དང་། ཆེད་མཁས་པ་དང་ཤེས་ཡོན་ཅན་གྱི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ཧུར་ཐག་སྒོས་སྐུལ་དགོས། ཆེད་མཁས་པ་དང་ཤེས་ཡོན་ཅན་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་འཛུགས་པ་དང་རྟོག་ཞིབ་ཞིབ་མོ་བྱས་ཏེ། རིགས་གཞུང་གནད་དོན་དང་དངོས་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་དགོས་པ་དང་། ཧུར་ཐག་སྒོས་ལག་ལེན་དང་ཚད་ལེན་ལས་ཐོབ་པའི་གྲུབ་འབྲས་གང་མང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བློ་འདོན་ཇུས་འབུལ་བྱེད་དགོས་ཟེར།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།