ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨོ་ཉི་ཨར་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7d9ae0647de39c2eb22a46d4847bcaef.jpg

པར་འདི་ནི་གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་ཨོ་ཉི་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད། 

 3732697f5c11286259865f2a0a2c384f.bmp

པར་འདི་ནི་གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་ཨོ་ཉི་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད། 
 dafef90498631a5ad4855dfd05d0523f.bmp

ཟླ་བདུན་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨོ་ཉི་ཨར་དང་གྲོས་མོལ་མཛད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨོ་ཉི་ཨར་དང་གྲོས་མོལ་མཛད། 

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་སྟེ། ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་ཡིས་བདམས་པའི་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱས་པར་མ་ཟད། ཆབ་སྲིད་ཐད་ནས་རྒྱུན་ཆད་མེད་པར་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ་དང་། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ཨོ་ཉི་ཨར་གྱིས་བཤད་རྒྱུར། ཕ་ཕུ་ཡ་ཀུའི་ནེ་ཡ་དང་ཀྲུང་གོ་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་། ཀྲུང་གོ་ནི་ཕ་ཕུ་ཡ་ཀུའི་ནེ་ཡའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། ཕ་ཕུ་ཡ་ཀུའི་ནེ་ཡ་ཡིས་ཀྲུང་གོ་ཕྱོགས་དང་ནུས་ཁུངས་དང་གནས་སྐོར། མཁའ་སྤྱོད། དངུལ་ལོར། སློབ་གསོ་སོགས་ཁྱབ་ཁོངས་སོ་སོ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་རྩ་འཛུགས་སོགས་ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ལྷོ་མའི་ས་ཁུལ་གྱི་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་རྒྱལ་ཁབ་གཙོ་བོར་འགྱུར་འདོད་ཡོད་ཟེར།

གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་ཨོ་ཉི་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལའོ་ཧྥུའུ་ཧི་སོགས་མཛད་སྒོར་ཞུགས།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་དུ་ཕྱོགས་གཉིས་ཀྱི་ཐོན་ནུས་དང་དཔལ་འབྱོར་ཉོ་ཚོང་། མཁའ་སྐྱོད། དཔལ་འབྱོར་ལག་རྩལ་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།