ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྟོག་ཞིབ་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

71a8cd8ab4c9cc025703e5ee63eacc1d.jpg

ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྟོག་ཞིབ་གྲོས་མོལ་ཚོགས་འདུ་བསྡུས། 
 9afdbdd13f7387ae79794c20f98fa848.jpg

ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྟོག་ཞིབ་གྲོས་མོལ་ཚོགས་འདུ་བསྡུས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་དྲུག་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་རྟོག་ཞིབ་གྲོས་མོལ་ཚོགས་འདུ་བསྡུས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་ཐད་ལ་བློ་འདོན་ཇུས་འབུལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་བཞུགས་མོལ་ལ་ཞུགས།

ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨིག་ཞང་གིས་ནུས་ཁོངས་ཁྱབ་ཁོངས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གསུམ་ནུས་ཁོངས་སྒྲིག་གཞི་ལེགས་སྒྲིག་ཚོད་ལྟ་ས་ཁུལ་དང་། དག་གཙང་ཐཱན་ཉུང་དང་བདེ་འཇགས་ནུས་མཐོའི་དེང་རབས་ནུས་ཁུངས་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན་གྱིས་བཤད་རྒྱུར། གསར་སྤེལ་ས་ཁུལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པའི་སྔོན་སྐྱོད་ས་ཁུལ་ཡིན་པའི་ཆ་ནས། རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་གནད་དོན་ཁ་ཤས་ཐད་ནས་ཚང་མ་དང་མཉམ་དུ་གྲོས་བསྡུར་མཛད། ཁོང་གིས་གསུངས་རྒྱུར། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་ནི་འཐབ་ཕྱོགས་གཅིག་གྱུར་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པར་ཞབས་ཕྱི་སྒྲུབ་པའི་ནང་དོན་གཙོ་བོ་ཡིན་པས། ཚང་མས་བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་། བསམ་ཕྱོགས་རྒྱ་བསྐྱེད་པ། མིག་རྒྱ་ཇེ་ཡངས་སུ་བཏང་སྟེ། ཞིབ་འཇུག་ཟབ་མོ་བྱས་ནས་བསམ་འཆར་དང་གྲོས་གཞི་མང་པོ་འདོན་དགོས་ལ། འབྲེལ་ཡོད་ལས་ཁུངས་ཀྱིས་དམངས་གཙོ་ཏང་ཁག་གིས་འགན་འཁྲི་ལག་བསྟར་བྱེད་པར་ཧུར་ཐག་སྒོས་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།