ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས2016ལོའི་སྐོར་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

bc4b6608eac088207042396c9d43bf6d.jpg

ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་མགོ་འཛིན་མཛད་དེ་གྲོས་ཚོགས་བསྡུས་ནས། 2016ལོའི་སྐོར་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་བཀོད་སྒྲིག་མཛད། 
         ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་དྲུག་ཉིན་མགོ་འཛིན་མཛད་དེ་གྲོས་ཚོགས་བསྡུས་ནས། 2016ལོའི་སྐོར་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་བཀོད་སྒྲིག་མཛད།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྒྲུབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་བྱ་བ་གཙིགས་སུ་འཛིན་པར་བེད་སྤྱོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་དམངས་མང་ཚོགས་ལ་བསམ་འཆར་དྲག་པོ་ཡོད་པའི་ཁོར་ཡུག་བཙོག་བཟོ་དང་གཏོར་བརླག་གནད་དོན་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚོད་ལྟའི་ཉམས་མྱོང་སྤྱི་བསྡོམས་བྱས་ནས། རྩ་འཛུགས་དང་སྐུལ་སློང་བྱ་བ་བཟང་བོར་སྒྲུབ་པ་དང་། སྟོབས་ཤུགས་རྩ་འཛུགས་དང་དེར་ཤུགས་བསྣན་ཏེ། བྱ་བ་དེ་བཟང་བོར་སྒྲུབ་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་གཞི་རྩའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ནུས་ཡོད་དང་གོ་རིམ་ལྡན་པའི་ངང་ལྟ་ཞིབ་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།