ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཁམ་ཕུ་ཁྲེ་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སེ་ཁྲུན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

eea17cbc5b985c01fe6cc3bbe9343024.jpg

རྒྱལ་ཡོངས་དམངས་ཆེན་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཁྲེ་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སེ་ཁྲུན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཁྲེ་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སེ་ཁྲུན་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཁམ་ཕུ་ཁྲེ་རྒྱལ་ཚོགས་དང་གྲོས་ཞུགས་ཁང་གཉིས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བར་མ་ཟད། སྣ་མང་གྲོས་ཚོགས་དང་རྩ་འཛུགས་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

སེ་ཁྲུན་གྱིས་བཤད་རྒྱུར། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཀྲུང་གོས་འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག་པར་གཟེངས་བསྟོད་བྱེད་པ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།