ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཞི་ལའི་ཙུང་ལི་ཆི་ཕུའུ་ལ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

47ff9cc28ff7e99fd933230cd08dea1d.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ལི་ཆི་ཕུའུ་ལ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ལི་ཆི་ཕུའུ་ལ་སི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཞི་ལའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་བཞིའི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའཕེལ་རྒྱས་སུ་བཏང་བ་དང་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་བཏང་། དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་འོག་ཏུ་ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་གཉིས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཞི་ལ་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཆི་ཕུའུ་ལ་སི་ཡིས་བཤད་རྒྱུར། ཞི་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་པུས་ལོས་ཨེ་ཧྥུའུ་སི་གྲུ་ཁའི་ལས་གཞི་རྨང་གཞི་ཡིན་པའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པ་དང་། དེ་ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཡོད་པར་མ་ཟད་ཧུར་ཐག་གི་ཁུལ་ཁོངས་ཤུགས་རྐྱེན་ཐེབས་ངེས་ཡིན་ཟེར།    །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།