ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཧན་གོའི་རྒྱལ་སྲིད་ཙུང་ལི་ཧོང་ཅའོ་ཨན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

49.jpg

 

ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་རྒྱལ་སྲིད་ཙུང་ལི་ཧོང་ཅའོ་ཨན་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་རྒྱལ་སྲིད་ཙུང་ལི་ཧོང་ཅའོ་ཨན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཧའོ་ཅའོ་ཨན་ཀྲུང་གོ་ནས་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་སུ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བར་མུ་མཐུད་དུ་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་བྱུང་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། རང་དབང་ཉོ་ཚོང་གྲོས་མཐུན་ལག་བསྟར་བྱས་ནས་ནུས་པ་བཟང་བོ་ཐོན་ཡོད། རྒྱལ་ཁབ་གཉིས་ཀྱི་མི་སྣའི་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་བར་མ་ཟད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ཡོད་པས། ཕྱོགས་གཉིས་ཀྱིས་ང་དང་ཙུང་ཐུང་ཕིའོ་ཅིན་ཧོས་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་བཟང་བོ་འབྱུང་བར་སྐུལ་འདེད་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཧོང་ཅའོ་ཨན་གྱིས་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་ཇེ་དམ་དུ་གཏོང་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་དེ་དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཆུ་ཚད་དང་མཐུན་པར་བྱེད་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་སོགས་ཐད་ནས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།