ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲི་སྲོལ་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྲོས་ཚོགས་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲི་སྲོལ་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། དབང་ཆ་ནི་འགན་འཁྲི་ཡིན་པ་དང་འགན་འཁྲི་དང་ལེན་བྱེད་དགོས་ལ། བློ་དཀར་གཞུང་དྲང་སྒོས་དང་ལེན་བྱེད་པ་ནི་ཏང་གིས་མགོ་ཁྲིད་ལས་བྱེད་པར་བཏོན་པའི་ཆབ་སྲིད་ཀྱི་རེ་བ་ཡིན། ང་ཚོ་ཏང་གིས་ལོ་གོ་ལྔའི་རིང་ལ་འབད་འཐབ་བྱས་ནས་བླངས་པའི་རླབས་ཆེན་གྲུབ་འབྲས་ལས་གུང་ཁྲན་ཏང་མིའི་དང་ལེན་སྙིང་སྟོབས་མཚོན་ཡོད། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་ནི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལྷག་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་འགན་འཁྲི་དང་ལེན་བྱེད་པར་ཐུག་ཡོད་ལ། ཏང་གིས་ཏང་གི་དཀའ་ཁག་བསལ་ཞིང་ཏང་གི་དོན་དུ་འགན་འཁྲི་དང་ལེན་བྱེད་པ་དང་དམངས་ཀྱི་དོན་དུ་འགན་འཁྲི་དང་ལེན་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་འགན་འཁྲི་སེམས་ལ་བཅངས་པ་དང་འགན་འཁྲི་དང་ལེན་བྱས་ན་ད་གཟོད་སེལ་ཐབས་མེད་པའི་དཀའ་ཁག་ཅི་ཡང་མེད། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་དང་ལེན་སྙིང་སྟོབས་དར་སྤེལ་བྱས་ནས། ཏང་གིས་གཅིག་སྒྲིལ་སྟོབས་ཤུགས་དང་འཐབ་འཛིང་ནུས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འགན་འདྲི་སྲོལ་ཡིག་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། ལམ་ལུགས་ཀྱི་གཞི་རྩ་ནི་ལག་བསྟར་བྱེད་པར་ཐུག་ཡོད། ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བའི་ཆེས་རྩ་བ་ནི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དང་ལེན་བྱེད་པར་ཐུག་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཡོངས་ཀྱིས་དོན་དངོས་དང་འབྲེལ་ཞིང་གོང་རིམ་གྱིས་གཞི་རིམ་ལ་དཔེ་སྟོན་བྱེད་པ་དང་། དཀའ་ཁག་གང་རུང་ངེས་པར་དུ་བསལ་དགོས་པ་དང་རིམ་པ་བཞིན་གནོན་ཤུགས་བྱིན་ནས་འགན་ཤོར་འདྲི་གཅོད་བྱེད་པ་དེ་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བར་དམིགས་ཏེ། འགན་འཁྲི་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་མགོ་ཁྲིད་འགན་སྲུང་བྱེད་པ་དང་ཏང་ཀྲུང་དབྱང་གི་བཀའ་ཁྱབ་ཐོགས་པ་མེད་པར་དང་ལེན་བྱེད་པ་འགན་སྲུང་བྱེད་དགོས་པར་མ་ཟད་ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།