ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5.jpg

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེན་ཅིན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་། 

6.jpg

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེན་ཅིན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་། 
 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་ཐེན་ཅིན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། སྐབས་འདིའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ཀྱིས་བཟོ་ལས་གསར་བརྗེ་ཐེངས་བཞི་བའི་ཚུལ་སྒྱུར་སྟོབས་ཤུགས་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས། རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྒྲིག་གཞིའི་ཚུལ་སྒྱུར་རིམ་སྤོར་བྱེད་པའི་བསམ་ཕྱོགས་རྒྱ་བསྐྱེད་པ་དང་། ཐུན་མོང་གི་ལྟ་བ་གཅིག་བསྡུ་བྱེད་པར་ཕན་པ་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཕན་ཚུན་ལ་རྒྱབ་རྟེན་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གང་ཞིག་ཡིན་ཡང་ཁེར་རྐྱང་གིས་འཚོ་གནས་བྱེད་དཀའ། ཕྱོགས་སོ་སོས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ལག་གདང་སྦྲེལ་ནས་དཀའ་ཁག་དང་འགྲན་རྩོད་ལ་ཁ་གཏད་འཇལ་ཏེ། ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། བཅོས་སྒྱུར་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྒོ་འབྱེད་དང་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་། རྒྱུན་མཐུད། དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཟེར།

ཧྲི་ཝ་པུའུ་ཡིས་བཤད་རྒྱུར། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་བཅོས་སྒྱུར་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤོར་སོགས་འཐབ་ཇུས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་བ་འདོན་སྤྲོད་བྱེད་པར་ཡིད་ཆེས་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།