ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་བུའུ་ཙི་པེད་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཀྱི་ཁྲིམས་འཛུགས་ཁང་དུ་ཁ་ཡིག་ལ་དར་གོས་ཚོང་ལམ་ཐད་ནས་གྲུབ་འབྲས་གསར་བ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

31.jpg

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བུའུ་ཙི་པེད་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཀྱི་ཁྲིམས་འཛུགས་ཁང་དུ་ཁ་ཡིག་ལ་དར་གོས་ཚོང་ལམ་ཐད་ནས་གྲུབ་འབྲས་གསར་བ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བུའུ་ཙི་པེད་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཀྱི་ཁྲིམས་འཛུགས་ཁང་དུ་ཁ་ཡིག་ལ་དར་གོས་ཚོང་ལམ་ཐད་ནས་གྲུབ་འབྲས་གསར་བ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། དར་གོས་ཚོང་ལམ་ནི་ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་རླབས་ཆེན་རྒྱུ་ནོར་ཡིན། ཉིས་སྟོང་བཅུ་གསུམ་ལོར་བདག་གིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་མཉམ་དུ་འཛུགས་སྐྲུན་བྱེད་པའི་གྲོས་མགོ་བཏོན། ལོ་གསུམ་གྱི་རིང་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་འཚོལ་ཞིབ་ཁྲོད་དུ་མདུན་སྐྱོད་བྱེད་པ་དང་འཕེལ་རྒྱས་ཁྲོད་དུ་འཐུས་ཚང་འགྲོ་བ། མཉམ་ལས་ཁྲོད་དུ་འཚར་ལོངས་འབྱུང་བཞིན་ཡོད་པར་རྒྱལ་ཁབ་མང་པོས་ཁས་ལེན་ཐོབ། རྒྱུད་གཅིག་ལམ་གཅིག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་སོ་སོས་སྲིད་ཇུས་ཕྱོགས་ནས་འབྲེལ་འདྲིས་བྱེད་པ་དང་ཉོ་ཚོང་ཕྱོགས་ནས་མཉམ་འབྲེལ་བྱེད་པ། མ་དངུལ་ཕྱོགས་རོགས་སྐྱོར་བྱེད་པ། དམངས་སེམས་གཅིག་སྒྲིལ་བྱས་ཏེ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཕྱོགས་མང་པོའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུང་རྒྱུར། ད་ལོ་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་བཅོ་ལྔ་ལོན་པའི་ལོ་ཡིན། བུའུ་ཙི་པེད་ཁི་སི་ཐན་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས་རྩ་འཛུགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་ངོ་མ་ཐོབ་པར་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་བུའུ་ཙི་པེད་ཁི་སི་ཐན་ཕྱོགས་དང་དེ་མིན་ཁོངས་གཏོགས་རྒྱལ་ཁབ་གཞན་དག་བཅས་དང་མཉམ་དུ་ཐ་ཧྲི་ཀན་མཐོ་རིམ་གྲོས་ཚོགས་མགོ་ཚུགས་ས་གསར་བ་བྱས་ཏེ་ཁྱོན་ཡོངས་ནས་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་ས་གནས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།