ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་རྣམ་གཉིས་མཉམ་དུ་ཧྭ་ཧྲ་ནས་དར་གོས་ཚོང་ལམ་རྒྱལ་སྤྱིའི་གླེང་སྟེགས་དང་ཀྲུང་གོ་དང་ཕོ་ལན་ས་གནས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་རྣམ་གཉིས་མཉམ་དུ་ཧྭ་ཧྲ་ནས་དར་གོས་ཚོང་ལམ་རྒྱལ་སྤྱིའི་གླེང་སྟེགས་དང་ཀྲུང་གོ་དང་ཕོ་ལན་ས་གནས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་རྣམ་གཉིས་མཉམ་དུ་ཧྭ་ཧྲ་ནས་དར་གོས་ཚོང་ལམ་རྒྱལ་སྤྱིའི་གླེང་སྟེགས་དང་ཀྲུང་གོ་དང་ཕོ་ལན་ས་གནས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། དེང་སྐབས་གཉིས་ཀར་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་ཀྱི་ས་ཁུལ་དར་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་ཁུལ་ཁོངས་མཉམ་ལས་ཁྲོད་དུ་ནུས་པ་ཆེན་པོ་འདོན་འདོད་ཡོད། ཞི་ཅིན་ཕེན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་རྒྱལ་ཁབ་བར་གྱི་མཉམ་ལས། ཀྲུང་གོ་དང་ཕོ་ལན་བར་གྱི་མཉམ་ལས་ཐད་ལ་གྲོས་གཞི་ལྔ་བཏོན། གཅིག སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཀྲུང་གོ་དང་ཕོ་ལན་བར་གྱི་མཉམ་ལས་དེ་རྒྱུད་གཅིག་ལམ་གཅིག་མཉམ་ལས་ཀྱི་དཔེ་སྟོན་དུ་གསར་སྐྲུན་བྱེད་པ་དང་ཁུལ་ཁོངས་ཡོངས་ལ་སྣེ་ཁྲིད་བྱེད་དགོས། གཉིས། གནད་ཆེ་ས་འབུར་དུ་ཐོན་པར་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཉོ་ཚོང་དང་དངུལ་གཏོང་རྐྱེན་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསུམ། རོགས་ལས་དམ་པོ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་རྒྱལ་ཁབ་མཉམ་ལས་དེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་འབྲེལ་མཐུད་དམ་པོ་བྱེད་དགོས། བཞི། རྐྱེན་སྲོལ་ལེགས་སྒྱུར་བྱས་ཏེ་ས་གནས་སྲིད་གཞུང་དང་ཁེ་ལས། དམངས་ཁྲོད་སྒྲིག་གཞི་གཞན་དག་བཅས་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས། ལྔ། བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས་རིག་མཛོད་ཀྱི་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་དགོས་པ་བཅས་རེད།

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་ཕོ་ལན་གྱི་ཙུང་ལི་ཞི་ཏི་བོ་གཉིས་ཀྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཕོ་ལན་གྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་མགོ་བཏོན་པར་རྒྱབ་སྐྱོར་བྱེད་པར་མ་ཟད་ཡོ་རོབ་གླིང་དབུས་ཤར་ས་ཁུལ་ཐོག་མར་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དངུལ་གཏོང་དངུལ་ཁང་དུ་ཞུགས་ནས་ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཨེ་ཤ་ཡའི་མཉམ་ལས་ཐད་ལ་འབད་བརྩོན་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།