ཀྲུང་གོ་བོད་ཀྱི་དྲ་བ།

ལས་ཁུངས་བདུན་གྱིས་མཉམ་འབྲེལ་སྒོས་རྩ་འཛུགས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྗེས་དྲན་བྱེད་པའི་མང་ཚོགས་རང་བཞིན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོ་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་། ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། སློབ་གསོ་པུའུ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྗེས་དྲན་བྱེད་པའི་མང་ཚོགས་རང་བཞིན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོ་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ། བརྡ་ཐོ་ལས་ནན་གྱིས་བཀོད་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྗེས་དྲན་བྱེད་པ་དང་བསྟུན་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་པ་གཞི་རྩར་འཛིན་པ་དང་། ཕུགས་བསམ་དང་ཡིད་ཆེས་སློབ་གསོ་གཙོ་བོར་འཛིན་པ། ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་བརྗོད་བྱ་གཙོ་བོར་བཟུང་སྟེ། མང་ཚོགས་རང་བཞིན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོ་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་ནས། སྤྱི་ཚོགས་ཡོངས་སུ་གུང་ཁྲན་ཏང་བཟང་ཞིང་སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་སྒྱུར་སྒོ་འབྱེད་བཟང་བ། རླབས་ཆེན་མེས་རྒྱལ་བཟང་བོ་བཅས་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དར་སྤེལ་བྱེད་དགོས་ཟེར།

བརྡ་ཐོ་ལས་ནན་གྱིས་བཀོད་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་མང་ཚོགས་རང་བཞིན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོ་བྱ་འགུལ་སྤེལ་བ་དེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྩ་འཛུགས་དང་བཀོད་སྒྲིག་བཟང་བོ་བྱེད་པ་དང། བསམ་བློའི་ནང་དོན་འབུར་དུ་ཐོན་པར་བྱེད་པ། མང་ཚོགས་བྱ་འགུལ་ཁྲོད་ཞུགས་པར་མཐོང་ཆེན་བྱས་ནས། ཕན་འབྲས་དངོས་ལེན་པར་འབད་བརྩོན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།