ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«སྡོད་ཁང་གླ་བའི་ཚོང་ར་མྱུར་དུ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«སྡོད་ཁང་གླ་བའི་ཚོང་ར་མྱུར་དུ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ»དཔར་ནས་བཀྲམ་ཏེ། སྡོད་ཁང་གླ་བའི་ཚོང་ར་མྱུར་དུ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

«བསམ་འཆར»ལས་ཚོང་རའི་མཁོ་སྤྲོད་ཀྱི་ཕྱོགས་གཙོ་བོ་སྐྱེད་སྲིང་བྱེད་པ་དང་། སྡོད་ཁང་གླ་བ་དང་འཛད་སྤྱོད་བྱེད་པར་སྐུལ་མ་གཏོང་བ། སྤྱི་གླ་སྡོད་ཁང་འཐུས་ཚང་དུ་གཏོང་བ། གླ་བདེ་སྡོད་ཁང་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་པ། སྲིད་ཇུས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། སྡོད་ཁང་གླ་བའི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་པ་བཅས་ཕྱོགས་དྲུག་གི་ཐད་ནས་སྡོད་ཁང་གླ་བའི་ཚོང་ར་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དངོས་གཏན་ལ་ཕབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།