ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་བྱེད་སྐབས་དམག་དོན་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་ལྟར། ཉེ་ལམ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་བྱེད་སྐབས་དམག་དོན་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ་སྟེ། དམག་དོན་ཨུ་ཡོན་ལྷན་ཁང་གི་བཅོས་སྒྱུར་བཀོད་སྒྲིག་ཐད་ཀྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྲོལ་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

«བསམ་འཆར»ལས་ནན་གྱིས་བསྟན་དོན། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་སྐབས་དམག་དོན་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ན། ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གྱིས་སྣེ་ཁྲིད་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་དམག་དོན་ཨུ་ཡོན་ལྷན་ཁང་གི་བཅོས་སྒྱུར་འཐབ་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། ཁྲིམས་འཛུགས་དང་བཅོས་སྒྱུར་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡར་སྐུལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། སྤྱོད་གོ་ཆེ་ཞིང་རྒྱུད་རིམ་ལྡན་པ་དང་ཆ་སྡེབ་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྲོལ་ལམ་ལུགས་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། བཅོས་སྒྱུར་བདེ་བླག་ངང་གཏིང་ཟབ་ཏུ་སྤེལ་བ་དང་དམག་དཔུང་སྟོབས་ལྡན་དང་དར་རྒྱས་སུ་གཏོང་བར་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

«བསམ་འཆར»ལས་ནན་གྱིས་བཀོད་དོན། བཅོས་སྒྱུར་བྱེད་སྐབས། རིམ་པ་སོ་སོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམག་དོན་ཁྲིམས་སྲོལ་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པ་དམ་འཛིན་བྱས་ཏེ། མེད་པར་བཏང་མེད་པའི་ད་ཡོད་ཀྱི་དམག་དོན་ཁྲིམས་སྲོལ་ལམ་ལུགས་ངེས་པར་དུ་ལག་བསྟར་ནན་མོ་བྱས་ནས། དམག་དཔུང་གི་ཚད་མཐོན་པོའི་གཅིག་སྡུད་གཅིག་གྱུར་དང་བརྟན་འཇགས་ལ་དངོས་སུ་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།