ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་བསྒྲིགས་རྩོམ་སྒྲིག་དང་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། རྒྱ་ཆེའི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པར་རོགས་རམ་བྱེད་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་བསྒྲིགས་རྩོམ་སྒྲིག་དང་འགྲེམ་སྤེལ་བྱས། དཔེ་ཆ་དེའི་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པ་ནས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཅིག་པའི་བར་དུ་གནང་བའི་གསུང་བཤད་དང་ཆོག་མཆན་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་བདམས་བཀོད་བྱས་ཡོད་པ་དང་། དེ་ལས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བཅོས་སྒྱུར་གྱི་འཐབ་ཇུས་བསམ་བློ་གལ་ཆེན་མཚོན་པར་བྱས་ཡོད། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་བསྒྲིགས་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པའི་བརྡ་ཐོ་བཏང་བར་མ་ཟད་དམག་དཔུང་གིས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་རེ་བ་བཏོན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།